choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱ་གཞུང་གིས་བོད་མི་བཙོན་འཇུག་དང་བརྒྱུད་ལམ་བཙན་འཕྲོག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣ ཟླ་༦ཚེས་༡ཉིན། རྒྱ་གཞུང་གིས་བོད་མགོ་ལོག་པད་མ་རྫོང་ནས་ཡིན་པའི་བོད་མི་རྡོར་ཕྲུག་ལ་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་དེ་བཞིན་ཉེ་ཆར་རང་ལུས་མེར་སྲེག་གཏོང་མཁན་བསྟན་འཛིན་ཤེས་རབ་ཀྱི་ནང་མི་སྤུན་མཆེད་ལ་དམ་དྲག་བྱས་ཡོད་འདུག

དེ་ཡང་རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་མགོ་ལོག་པད་མ་རྫོང་ཐོག་ལ་གནས་སྡོད་བྱེད་མཁན་རང་ལོ་༥༧་སོན་པའི་བོད་མི་རྡོར་ཕྲུག་ལ་ཉེ་ཆར་༢༠༡༣་ཕྱི་ཟླ་༥་པའི་ཚེས་༢༠་ཉིན་རྒྱ་ནག་ཁྲན་ཏུ་ཁྲིམས་ཁང་ཞིག་ནས་ལོ་བཅུའི་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག དེ་ཡང་ས་གནས་དེའི་བོད་མི་ཞིག་གིས་དྲ་ལམ་བརྒྱུད་འདི་གའི་གསར་འགོད་པར་གནས་ཚུལ་འགྲེལ་བརྗོད་གནང་དོན།

རྒྱ་གཞུང་གིས་བོད་མི་རྡོར་ཕྲུག་ལ་ལོ་བཅུའི་ཁྲིམས་ཐག་བཅད་དགོས་དོན་ནི་༢༠༡༢ ཟླ་༡༢་ཚེས་༣ ཉིན་མགོ་ལོག་པད་མ་རྫོང་དུ་པད་མ་རྫོང་སེ་ལེ་ཐང་ཡུལ་ཚོའི་པད་ནག་དགོན་དཀར་དག་སྤྲོས་བྲལ་གླིང་གི་གྲྭ་རང་ལོ་༢༩ ཡིན་པ་བློ་བཟང་དགེ་འདུན་ལགས་ཀྱིས་རང་ལུས་མེར་སྲེག་གཏོང་སྐབས་རྡོར་ཕྲུག་ལགས་ཀྱིས་སྐུ་ཕུང་བཙན་འཕྲོག་བྱེད་དུ་ཡོང་མཁན་ཉེན་རྟོག་པ་དང་དམག་མིར་བཀག་འགོག་བྱས་པ་དང་དེ་བཞིན་སྤྱི་ལོ་༢༠༠༨་དང་༢༠༠༩་ལོར་ཞི་རྒོལ་ནང་མཉམ་ཞུགས་བྱས་པ་བཅས་ཀྱི་ཉེས་མིང་འོག་ཁྲིམས་ཐག་བཅད་པ་ཞིག་རེད་འདུག ཝ་ཤོད་རྡོར་ཕྲུག་ལགས་ནི་གོང་གསལ་གྲྭ་དགེ་འདུན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་ཉིན་གྱི་དགོང་མོར་འཛིན་བཟུང་བྱས་ཡོད་པ་དང་། དེ་ནས་བཟུང་ད་བར་ག་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

རྡོར་ཕྲུག་ལགས་ཀྱི་བཟའ་ཟླའི་མིང་ལ་སྐར་མ་སྐྱིད་ཟེར་ཞིང་ཁོང་གཉིས་ལ་ལོ་༡༩་ལ་སོན་པའི་བུ་མོ་སྐལ་བཟང་སྒྲོལ་མ་དང་ལོ་༡༣་ལ་སོན་པའི་ བུ་མིང་ལ་དཀོན་མཆོག་རྡོར་རྗེ་ཟེར་བ་གཉིས་ཡོད་པ་དང་ཁོང་གི་ཕ མ་གཉིས་ཀ་ལོ་བདུན་བཅུའི་ནང་སླེབས་ཀྱི་ཡོད་པ་རེད་འདུག་ཁོང་གི་ནང་མི་ཚང་མ་པད་མ་རྫོང་ཐོག་རང་ལ་ཡོད་པ་དང་འཚོ་ཐབས་ནི་ཞིང་པ་ཡིན་པ་རེད་འདུག དེ་བཞིན་ཁོང་ནི་ནམ་རྒྱུན་ཡུལ་ཚོའི་ནང་འཛིང་མོ་སོགས་ཤོར་སྐབས་བར་འདུམ་བྱེད་མཁན་གྱི་མི་སྣ་གལ་ཆེན་ཞིག་ཀྱང་ཡིན་པ་རེད་འདུག

དེ་དང་ཕྱོགས་མཚུངས་བོད་ནང་དུ་རྒྱ་གཞུང་གི་དབང་གྱུར་སྲིད་ཇུས་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་པ་གྲངས་༡༡༨་པ་སྟེ་་་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། ཆུ་དམར་ལེབ་རྫོང་། ཆིག་སྒྲིལ་གྲོང་བརྡར། སྐྱ་འཁྱོག་ཡུལ་ཚོ། རུ་ཁག་གཉིས་པ། ཨ་དྲེལ་སྡེ་པ་ནས་ཡིན་པ་རང་ལོ་༣༡་ཡིན་པའི་བོད་མི་གཞོན་སྐྱེས་བསྟན་འཛིན་ཤེས་རབ་ལགས་ཀྱིས་༢༠༡༣ ཟླ་༥ ཚེས་༢༧ ཉིན་ཆུ་དམར་ལེབ་རྫོང་གི་ཁོངས་གཏོགས་སྐྱ་རིངས་ཟེར་བའི་ས་ཆ་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་གནང་ཏེ་སྐུ་གྲོངས་རྗེས། ནང་མི་ཉེ་འབྲེལ་ཚོས་ཁོང་གི་སྐུ་ཕུང་དབོན་པོ་དགོན་པར་གདན་འདྲེན་ཞུས་ཏེ་ཆོས་ཕྱོགས་ཀྱི་རྗེས་འཇུག་ཆོ་ག་སྒྲུབ་རྩིས་བྱས་ཡོད་ཀྱང་སྐབས་དེར་རྒྱ་གཞུང་གིས་བཀག་སྡོམས་བྱས་ཡོད་པ་རེད།

གནས་ཚུལ་ངོ་སྤྲོད་པ་རྒྱ་གར་ལྷོ་ཕྱོགས་སེར་བྱེས་བྱ་བྲལ་ཁང་ཚན་གྱི་སྐུ་ཞབས་བྱམས་པ་ཡོན་ཏན་ལགས་ཀྱིས་བརྗོད་པར་གཞིགས་ན་རྒྱ་གཞུང་གིས་རྒྱལ་གཅེས་པ་བསྟན་འཛིན་ཤེས་རབ་ལགས་ཀྱི་ནང་མི་ཉེ་འབྲེལ་ཁ་ཤས་ཀྱི་ལག་ཐོག་ཁ་པར་བཙན་འཕྲོག་བྱས་ཏེ་ཞིབ་བཤེར་བྱེད་བཞིན་པའི་གནས་ཚུལ་དངོས་ར་འཕྲོད་ཡོད་ཀྱང་མི་སུ་དང་སུའི་ལགས་ཐོག་ཁ་པར་འཕྲོག་ཡོད་མེད་རྩད་གཅོད་ཐུབ་མེད་པར་བརྟེན་ས་གནས་ཀྱི་གནས་སྟངས་རྒྱུས་ལོན་བྱེད་རྒྱུར་འགོག་རྐྱེན་འཕྲད་ཀྱི་ཡོད་པ་རེད་འདུག
གསར་འགོད་པ་དོན་འགྲུབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།