choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


དཔའ་བོ་བསྟན་འཛིན་ཤེས་རབ་ཀྱིས་རང་ལུས་མེར་སྲེག་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཕྱི་ལོ་༢༠༡༣ ཟླ་ ༥ ཚེས་ ༢༩ ཉིན། གྲྭ་བྱམས་པ་ཡོན་ཏན་ལགས་ཀྱིས་འདི་གར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་གསལ་ལྟར་ན། འདི་ལོའི་ཟླ་༥ ཚེས་༢༧ ཉིན་ཁམས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། ཆུ་དམར་ལེབ་རྫོང་གི་ཁོངས་གཏོགས་ཨ་དྲེལ་སྡེ་པ་ནས་ཡིན་པའི་རྒྱལ་གཅེས་པ་བསྟན་འཛིན་ཤེས་རབ་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་རང་ལུས་མེར་སྲེག་གི་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག

དེ་ཡང་ཁམས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། ཆུ་དམར་ལེབ་རྫོང་། ཆིག་སྒྲིལ་གྲོང་བརྡར། སྐྱ་འཁྱོག་ཡུལ་ཚོའི་རུ་ཁག་གཉིས་པ། ཨ་དྲེལ་སྡེ་པ་ནས་ཡིན་པའི་རྒྱལ་གཅེས་པ་བསྟན་འཛིན་ཤེས་རབ་ལགས་ཀྱིས་༢༠༡༣ ཟླ་༥ ཚེས་༢༧ ཉིན་ཆུ་དམར་ལེབ་རྫོང་གི་ཁོངས་གཏོགས་སྐྱ་རིང་ཟེར་བའི་ས་ཆ་ནས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་པ་རེད། རང་ལུས་མེར་སྲེག་བཏང་ནས་ཁོང་སྐུ་གྲོངས་པའི་རྗེས་སུ་རོགས་པ་ཚོས་ཤེས་རྟོགས་བྱུང་ཡོད་འདུག

རྫོང་གི་འབྲེལ་ཡོད་ལས་བྱེད་ཚོས་ཁོང་གི་སྐུ་ཕུང་རྫོང་སྤྱི་བདེ་ཉེན་རྟོག་རུ་ཁག་ཏུ་ཁྱེར་ཡོད་པ་དང་ཚེས་༢༨ ཉིན་ཁོང་གི་ཕ་དོན་འགྲུབ་སོགས་སྐད་བཏང་སྟེ། སྐུ་ཕུང་ནང་མིར་རྩིས་སྤྲོད་བྱས་ཡོད་པ་རེད་འདུག དེའི་རྗེས་རྒྱལ་གཅེས་པ་ཁོང་གི་སྐུ་ཕུང་དབོན་པོ་དགོན་ནང་དུ་ཁྱེར་ཡོད་པ་རེད།

ཁོང་གིས་ཉིན་འགའི་སྔོན་གྲོགས་པོ་ཁ་ཤས་ལ་རྒྱ་ནག་གི་སྲིད་ཇུས་ཡག་པོ་མེད་ཚུལ་དང་། མི་རིགས་ཀྱི་ཆོས་དང་རིགས་གཞུང་རྩ་བརླག་འགྲོ་ཉེན་ཡོད་པ། ང་རང་ཚོ་རྒྱ་ནག་གི་དྲག་སྤྱོད་འོག་ནས་འདུག་ཐབས་བྲལ་བ་སོགས་ཀྱི་གསུང་གླེང་མང་པོ་བྱས་ཡོད་པ་རེད། རྒྱལ་གཅེས་པ་བསྟན་འཛིན་ཤེས་རབ་ལགས་ཁོང་ནི་སྤུན་མཆེད་ལྔའི་ནང་ནས་ཆེ་བ་དང་། རང་ལོ་༣༤་ཡིན་པ་རེད། ཁོང་གི་ཕ་མིང་ལ་དོན་འགྲུབ་དང་།  མ་མིང་ལ་ཆོས་མས་ཟེར་གྱི་ཡོད་པ་རེད་འདུག

ཨ་དྲེལ་སྡེ་བ་ནི་སྔོན་ཆད་ཁམས་རྫ་ཆུ་ཁ་དབོན་པོ་སྡེ་བའི་ནང་ཚན་རིས་ཆེན་ཞིག་ཡིན་ཡང་། ༡༩༥༩ སྔོན་ཨ་དྲེལ་སྒྲོལ་མ་སོགས་ཀྱིས་སྣེ་ཁྲིད་འོག་རྒྱ་གར་ལ་འགྲོ་རྩིས་བྱས་ཏེ།  ཆུ་དམར་ལེབ་ཅེས་པའི་ས་ཆ་དེར་འབྱོར་སྐབས། རྒྱ་དམག་དང་ཁྱོད་ཤི་ང་གསོན་གྱི་འཐབ་འཁྲུག་བྱས་རྗེས་ས་ཆ་དེར་གནས་ཆགས་པ་ཞིག་ཡིན་པ་རེད།  ད་ལྟའི་ཆར་སྡེ་བ་དེར་ཨ་དྲེལ་དགོན་དགའ་ལྡན་བསམ་གཏན་ཐེག་ཆེན་ཆོས་འཁོར་གླིང་ཞེས་པའི་དགོན་པ་ཞིག་ཀྱང་ཡོད་པ་རེད་ཅེས་སོགས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ་དོན་འགྲུབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།