choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྩོམ་པ་པོ་འགར་རྩེ་འཇིགས་མེད་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣ ཟླ་ ༥ཚེས་ ༡༨ ཉིན། འདི་ཟླའི་ཚེས་༡༤ཉིན་རྒྱ་གཞུང་གིས་བོད་མི་གཞོན་སྐྱེས་རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་སུ་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་ཁྲིམས་ཁང་ཞིག་ནས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག

དེ་ཡང་རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་ཀྱིས་"བཙན་པོའི་སྙིང་སྟོབས་"ཅེས་པའི་དེབ་གཉིས་པ་སྤེལ་གནང་བའི་རྒྱུ་མཚན་ལ་བརྟེན་ནས་རྨ་ལྷོ་ཁུལ་དུ་ཡོད་པའི་རྒྱ་གཞུང་གི་ཁྲིམས་ཁང་ཞིག་གིས་ཁོང་ལ་བོད་དོན་དྲིལ་བསྒྲགས་བྱས་པའི་ཆབ་སྲིད་ཀྱི་ཉེས་འཛུགས་འོག་ཁྲིམས་ཐག་བཅད་བ་ཞིག་རེད་འདུག
རྒྱ་མིའི་ཉེན་རྟོག་མི་སྣ་ཁོང་གི་གྲྭ་ཤག་ཏུ་ཡོང་ནས་གང་བྱུང་བསྔོགས་བཤེར་སོགས་བྱས་ནས་ཁོང་བཙན་འཁྲིད་བྱས་ཡོད་པ་རེད།

དེ་ཡང་གནས་ཚུལ་ནང་ཁོང་གསང་བའི་ཐོག་ནས་ཕྱི་ཟླ་༡ཚེས་༡ཉིན་འཛིན་བཟུང་བྱས་ཏེ་ཟི་ལིང་གྲོང་ཁྱེར་དུ་འཁྲིད་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་དང་། དེ་རྗེས་རྨ་ལྷོ་རེབ་གོང་དུ་གནས་སྤོས་ཀྱིས་ད་ལྟ་བར་བཙོན་འཇུག་བཀའ་ཉར་བྱས་རྗེས་མཐར་ཉིན་ཤས་གོང་ཁོང་ལ་ལོ་ལྔའི་བཙོན་དུས་ཁྲིམས་བཅད་བཏང་ཡོད་འདུག

ཁོང་ནི་དགུང་ལོ་༣༦ཡིན་ཞིང། བོད་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཁོངས་ཀྱི་འབྲོག་སྡེ་ཆེན་པོ་མགོན་ཤུལ་ཚོ་ཆེན་བཅུའི་ནང་ཚན་སྒར་བ་ཞེས་པའི་མི་ཁོངས་ཡིན་པ་དང་། ཕྱི་ལོ་༡༩༩༢ལོ་ནས་འགར་དགོན་ཆོས་གླིང་དུ་ཞུགས་ཏེ་བསྡུས་གྲྭ་དང་། ས་ལམ། གྲུབ་མཐའ། བརྡ་སྤྲོད་བཅས་ལ་སློབ་སྦྱོང་མཐར་ཕྱིན་པ་གནང་རྗེས་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་བློ་རྟགས་དང་རྣམ་འགྲེལ། ཕར་ཕྱིན། དབུ་མ། མཛོད་སོགས་གཞུང་ཆེན་བཀའ་པོད་ལྔར་སྦྱངས་ཏེ། ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག་ཡོད་པ་རེད།༡༩༩༩ ལོ་ནས་བཟུང་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་བོད་ནང་གི་རིག་གཞུང་ཞིབ་འཇུག་དང་སྦྲང་ཆར་སོགས་དུས་དེབ་མང་པོའི་ནང་རྩོམ་ཡིག་དུ་མ་སྤེལ་ཡོད་པ་རེད།

ཕྱི་ལོ་ ༢༠༠༨ ལོར་"བཙན་པོའི་སྙིང་སྟོབས་"ཅེས་པའི་དེབ་ཕྲེང་དང་པོ་བཏོན་ཏེ། བོད་ནང་གི་བོད་མིའི་དཀའ་སྡུག་གི་གནས་སྟངས་གསལ་འདོན་བྱས་པར་བརྟེན་ཕྱི་ལོ་ ༢༠༡༡ ལོའི་ཟླ་༤བར་རྒྱ་གཞུང་གིས་ཁོང་འཛིན་བཟུང་བཀག་ཉར་གྱིས་གཅར་རྡུང་མནར་གཅོད་ཚད་ལས་བརྒལ་བ་བཏང་ཡོད་པའི་གནས་ཚུལ་འཁོད་ཡོད་འདུག
གསར་འགོད་པ་སྐལ་བཟང་སྒྲོལ་མས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།