དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱལ་ས་ལྷ་སའི་ཆོད་དད་ཁོར་ཡུག་གཏོར་བཤིག་མཚམས་འཇོག་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

།༢༠༡༣ ཟླ ༥ ཚེས་ ༡༨ ཉིན། ༢༠༡༣ ལོའི་ཟླ་ ༥ ཚེས་ ༡༦ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་ཁུལ་དུ་རྒྱ་ནག་གཞུང་གིས་བོད་མིའི་ཆོད་དད་ཁོར་ཡུག་ཉམས་ཆག་གཏོང་བཞིན་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སེམས་ཚབ་ཤུགས་ཆེ་ཡོད་ལུགས་གསལ་བསྒྲགས་ཞིག་སྤེལ་ཡོད་པ་རེད།

དེ་ཡང་རྒྱ་ནག་གཞུང་གིས་འཛུགས་སྐྲུན་ཡར་རྒྱས་ཀྱི་ལས་གཞིར་ཁ་གཡར་ནས་ལྷ་སའི་ཇོ་ཁང་གི་བར་སྐོར་གཡས་གཡོན་དུ། ལོ་ངོ་སྟོང་ཕྲག་རིང་ནས་བོད་མིའི་ཐུན་མིན་རིག་གནས་སྤྱི་དང་། ལྷག་པར་ཆོས་དད་ཀྱི་རྣམ་པ་དང་འབྲེལ་བ་ཤུགས་ཆེ་ཡོད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་སྡོད་ཁང་རྣམས་ཤུལ་མེད་གཏོང་རྒྱུའི་ཉེན་ཁར་བོད་མིའི་སྒྲིག་འཛུགས་ཀྱིས་སེམས་ཚབ་ཧ་ཅང་ཆེན་པོ་ཡོད་ལུགས་གསལ་བསྒྲགས་ནང་འཁོད་ཡོད་པ་རེད།

དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་གི་བར་སྐོར་ཁུལ་དུ་ཡར་རྒྱས་འཛུགས་སྐྲུན་ལ་ཁ་གཡར་ཏེ་ཨར་རྒྱག་ལས་གཞི་འགྲོ་བཞིན་པ་དེར་ང་ཚོར་སེམས་ཚབས་ཧ་ཅང་ཆེན་པོ་ཡོད་པ་རེད་ཅེས་དང་། འཛུགས་བསྐྲུན་གྱི་ལས་གཞི་དེར་རྒྱ་ནག་གཞུང་གིས་ཨ་སྒོར་ས་ཡ་ ༡༩༦ བཏང་སྟེ་ཡར་རྒྱས་གཏོང་རྒྱུ་ཡིན་ཚུལ་བརྗོད་ཀྱང། ཉེ་ལམ་གནས་ཚུལ་ཐོན་གསལ་ལྟར་ན། ལོ་ངོ་སྟོང་ཕྲག་རིང་ནས་བོད་མི་ཚོའི་ཆོས་དང་རིག་གཞུང་གི་འབྲེལ་བ་ཡོད་པ་ལོ་རྒྱུས་རང་བཞིན་ལྡན་པའི་གནའ་བོའི་རིག་གནས་ཀྱི་ཤུལ་བཞག་ལྷ་སའི་ཇོ་ཁང་གི་གཡས་གཡོན་དང་ཉེ་འཁོར་བར་སྐོར་སོགས་བོད་མིའི་སྡོད་ཁང་དང་སྐོར་ལམ་ཁག་གི་རྣམ་པ་ཤུལ་མེད་བཟོས་ཏེ། ཡུལ་སྐོར་སྤྲོ་འཆམ་བྱེད་སའི་ངོ་བོ་ཙམ་དུ་གྱུར་རྒྱུ་ཡིན་འདུག་ཅེས་བཀོད་གནང་འདུག

མུ་མཐུད་དེའི་ནང་འཁོད་གསལ། རྒྱ་ནག་དམར་པོའི་དབང་སྒྱུར་འོག་ཉེན་ཁ་འདི་འདྲ་ཞིག་འཕྲད་རྒྱུའི་སྔོན་དཔག་ཐོག་དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱིས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ UNESCO ཀྱིས་གཙོས་འབྲེལ་ཡོད་ཚོགས་པ་ཁག་ལ་བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་དང་བར་སྐོར་ཁུལ་རྣམས་འཛམ་གླིང་གནའ་བོའི་རིག་གནས་ཀྱི་ས་ཁུལ་དུ་ངོས་འཛིན་ཡོང་བའི་འབོད་སྐུལ་རབ་དང་རིམ་པ་བྱས་ཡོད་ཅེས་དང་། དེར་བརྟེན་བོད་མིའི་ཆོས་དང་རིག་གཞུང་། སྤྱི་ཚོགས་ཀྱི་རྣམ་པ་ལྡན་པའི་ལོ་རྒྱུས་རང་བཞིན་གྱི་ཁང་ཁྱིམ་གཏོར་བཅོམ་བྱས་པ་བརྒྱུད་ཆོས་དད་ཀྱི་ཁོར་ཡུག་ཉམས་ཆགས་གཏོང་རྒྱུའི་ལས་གཞི་འདི་འཕྲལ་མར་མཚམས་འཇོགས་ཡོང་ཆེད་རྒྱ་ནག་གི་འགོ་ཁྲིད་ཚོར་ཛ་དྲག་ཐོག་ནས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག་པ་བཅས།
གསར་འགོད་པ་སྐལ་བཟང་སྒྲོལ་མས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།