choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཕག་མོ་དོན་འགྲུབ་ལགས་ཀྱི་ཞལ་ཆེམས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ༥ཚེས༨ཉིན། འདི་ལོའི་སྤྱི་ཟླ་༢པའི་ཚེས་༢༤་ཉིན་བོད་མདོ་སྨད་བྱ་ཁྱུང་དགོན་པའི་ཆོས་རའི་ནང་དུ་བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་གནང་རྒྱལ་གཅེས་དཔའ་བོ་ཕག་མོ་དོན་འགྲུབ་ལགས་ཀྱིས་ཞལ་ཆེམས་ཤིག་ཀྱང་བཞག་ཡོད་འདུག

 

དེ་ཡང་འདས་པོ་དམ་པ་ཕག་མོ་དོན་འགྲུབ་ལགས་ཀྱི་ཞལ་ཆེམས་ཡིག་ཐོག་ཏུ་ཕབ་པའི་ནང་དུ་འཁོད་དོན། ད་བར་བོད་ཀྱི་ས་ཆ་ག་ས་གང་དུ་བོད་མི་རིགས་ཀྱི་རང་དབང་གི་ཆེད་དུ་བོད་མི་བརྒྱ་མ་ཟིན་ཙམ་གྱིས་རང་ལུས་མེར་སྲེག་བཏང་སོང་བ་ནི་ངོ་མ་བོད་མི་རིགས་ཀྱི་དཔའ་བོ་དངོས་མ་ཞིག་རེད། བོད་ལ་རང་དབང་དང་རང་བཙན་མ་ཐོབ་ན་བོད་མི་རིགས་ཀྱི་རིག་གནས་དང་གོམས་སྲོལ་ལ་སོགས་པ་རྒྱ་མིས་རྩ་མེད་དུ་གཏོང་རྒྱུ་རེད་། ད་ལོ་ང་ཚོ་བ་ཡན་རྫོང་གི་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ལ་བོད་ཡིག་སྦྱངས་མི་ཆོག་ཟེར་ནས་སྲིད་གཞུང་གིས་བོད་ཡིག་སློབ་ཁྲིད་བྱེད་དུ་མ་བཅུག་པ་མ་ཟད་དགེ་རྒན་ཚང་མ་བ་ཡན་རྫོང་ནས་ཕྱིར་ཕུད་བཏང་སོང་། ད་ངོ་མ་སེམས་སྡུག་གི དེ་རིང་རྒྱ་ལོ་བཅོ་ལྔའི་དགོང་དྲོ་བྱ་ཁྱུང་དགོན་པའི་ཆོས་རའི་མདུན་དུ་ང་མེར་སྲེག་གཏོང་རྒྱུ་ཡིན་ལ་དེ་རིང་ནི་བོད་རང་བཙན་གྱི་ཉིན་མོ་ཡིན་ཞེས་འཁོད་ཡོད་པ་རེད་འདུག
འདས་པོ་དམ་པ་ཕག་མོ་དོན་འགྲུབ་ལགས་ཀྱི་ཞལ་ཆེམས་དངོས་སུ་ཐོས་མཁན་གྱི་མི་སྣས་བརྗོད་དོན། ཉིན་དེར་ཕག་མོ་དོན་འགྲུབ་དང་ངེད་གཉིས་རྨ་ཆུའི་ཁ་རུ་ཆགས་ཡོད་པའི་རྒྱ་སྐད་དུ་康央真་ཟེར་ཞིང་བོད་སྐད་དུ་གདོང་སྣ་གྲོང་བརྡལ་ཟེར་པ་དེར་ཟ་མ་ཞིག་ཟ་རུ་སོང་ཡིན། གོང་གི་ཞལ་ཆེམས་དེ་ནི་སྐབས་དེའི་དུས་སུ་བཞག་པ་ཞིག་རེད།  ཟ་མ་ཟོས་རྗེས་ངེད་གཉིས་སྡེ་བའི་ནང་གི་ཚོང་ཁང་ཞིག་དུ་ཁ་ཚ་ལེབ་མོ་གཉིས་དང་མེ་ཆ་གཅིག་ཉོས་ཤིང་སྐབས་དེར་ཕྱི་དྲོའི་ཆུ་ཚོད་བདུན་པ་ཙམ་རེད། དེ་ནས་བྱ་ཁྱུང་དགོན་པའི་སྨན་པ་གྲ་ཚང་གི་ཚོང་ཁང་ནང་དུ་རྡོ་སྣུམ་དམ་བུ་གཉིས་དང་ཚོན་མདོག་ཅན་གྱི་ཤོག་བུ་འགའ་ཉོས་ཡིན།
དེ་ནས་དགོན་པའི་ཆོས་རའི་མདུན་དུ་མ་སླེབས་གོང་ལ་རྡོ་སྣུམ་དུམ་བུ་གཅིག་དང་ཕྱེད་ཀ་ཕག་མོ་དོན་འགྲུབ་ལགས་ཀྱིས་འཐུང་སོང་། དེ་ནས་དགོན་པའི་གཏོར་མ་འཕེན་སའི་བྲག་མཐོན་པོ་དེའི་སྒང་ལ་བུད་ནས་ཕག་མོ་དོན་འགྲུབ་ལགས་ཀྱིས་ཤོག་བུ་དེ་དག་མེ་ལ་སྦར་ཏེ་བོད་རང་བཙན་ཡིན་བོད་ལ་རང་དབང་དགོས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་ཟེར་ནས་སྐད་འབོད་མང་པོ་བརྒྱབ་སོང་།
ཆུ་ཚོད་གཅིག་རིང་དེར་བསྡད་རྗེས། ཕྱིར་ཡོང་བའི་ལམ་བར་སྨན་པ་གྲ་ཚང་གི་སྲང་ལམ་བར་དུ་ཁོང་གིས་རྡོ་སྣུམ་ལྷག་མ་ཚང་མ་མགོ་ལ་བླུགས་སོང་། ང་རང་སྐྲག་ནས་དངང་འདར་བརྒྱབ་སྟེ་སེམས་ལ་ཅི་ཡང་དྲན་གྱི་མི་འདུག དེ་ནས་ཆོས་རའི་མདུན་དུ་སླེབས་མ་ཐག་ཁོང་གིས་ལུས་ལ་མེ་སྦར་ཞོར་གྲོགས་པོ་ད་བདེ་མོ་ཞེས་ཟེར་གྱི་འདུག མེ་སྦར་རྗེས་སྐད་འབོད་བརྒྱབ་ཏེ་ཡར་རྒྱུགས་མར་རྒྱུགས་ཐེངས་འགར་བྱས་རྗེས་དྲན་མེད་དུ་བརྒྱལ་སོང་། ཉིན་དེའི་དགོང་མོ་སྨན་ཁང་ལ་འཁྱེར་བའི་ལམ་བར་དུ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཤིང་ཕྱི་ཉིན་སྐུ་གྲོངས་ཚར་སོང་ཞེས་ནང་མིར་བརྗོད་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད་འདུག།
གསར་འགོད་པ་དོན་འགྲུབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༨༢༠༡༣༡༥༡༡
ཀུན་དགའ།
བསམ་ཚུལ་ངོ་མ་དེ་བྲི་ཕོད་ས་མ་རེད། གུང་ཁྲན་སྟང་གི་མེ་མདའ་ལས་ལྷག་པའི་ང་ཚོའི་སྤྱི་ཚོགས་ཀྱི་འཛུག་མོ་འཛུག་ཡོང་གིས་རེད། ི



བརྗོད་གཞི་གཞན་ཁག་ལ་གཟིགས།