choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་བཙོན་གྲོལ་ཐོབ་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།


ཤམ་བྷ་ལའི་ཕོ་ཉ། ༢༠༡༣ལོའི་ཟླ་༥ཚེས་༦ཉིན། རྒྱ་ནག་གི་བཙོན་དུ་ཚུད་པའི་བོད་མིའི་རྩོམ་པ་པོ་ཨ་རི་འཇིགས་མེད་ལགས་སྤྱི་ཟླ་༤ཚེས་༢༧རེས་གཟའ་སྤེན་པའི་ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠:༠༤སྟེང་རྒྱ་ནག་ལན་གྲུ་གྲོང་ཁྱེར་གྱི་བཙོན་ཁང་ཨང་དང་བོ་ནས་བཙོན་གྲོལ་ཐོབ་འདུག         

ཁོང་གི་དངོས་མིང་ལ་འཇིགས་མེད་རྒྱ་མཚོ་དང་ཁོང་ནི་མདོ་སྨད་རྨ་ལྷོ་ཁུལ་རྨ་ལྷོ་རྫོང་ཁུ་སུན་ཡུལ་ཚོ་བེ་སི་ཆུང་བ་སྡེ་བའི་ཕ་ཤེས་རབ་དང་མ་སྒྲོལ་དཀར་གཉིས་ཀྱི་བུ་རུ་སྐྱེས་པ་དང་། ད་ལྟ་རང་ལོ་༢༨ཡིན་འདུག སྤྱི་ལོ་༡༩༩༥ལོར་ཁོང་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྨད་བྱུང་ཐོས་བསམ་གླིང་གི་ཆོས་སྒོར་ཞུགས་ནས་སློབ་གཉེར་བྱས་ཤིང་རིམ་གྱིས་ཤིང་དཔར་ཆེན་མོར་ལས་ཀ་བྱས་མྱོང་བ་དང་། ཕྱི་ལོ་༢༠༠༦ལོའི་ཕྱི་ཟླ་བརྒྱད་པར་དེ་གའི་ཀན་སུའུ་ཞིང་ཆེན་ནང་བསྟན་མཐོ་སློབ་ཏུ་ཞུགས་ནས་༢༠༡༠ལོར་མཐར་ཕྱིན་རྗེས་སྐྱ་སར་བབས་ཡོད་འདུག

སྤྱི་ལོ་༢༠༠༨ལོར་ཁོང་གིས་ཕྱི་ལོགས་སུ་འབྲེལ་བ་བྱས་ཏེ་བརྒྱུད་ལམ་ཁག་ཅིག་ཏུ་བླ་བྲང་མགོ་ལོག་འཇིགས་མེད་དང་། བླ་བྲང་འཇིགས་མེད་མགོ་རིལ། འགར་རྩེ་འཇིགས་མེད་གསུམ་གྱི་ལོ་རྒྱུས་དང་གནས་སྟངས་མཁོ་སྤྲོད་བྱས་ཡོད་འདུག

སྤྱི་ལོ་༢༠༡༠ལོར་ཁོང་དང་གྲོགས་པོ་ཞིག་རྨ་ལྷོ་ཁུལ་དུ་སྐལ་བཟང་མེ་ཏོག་གླུ་གར་ཚོགས་པ་ཞེས་པའི་ཟབ་སྤྱོང་འཛིན་གྲྭ་བསྡུས་པར་ཕྱིན་ཡོད་པ་དང་། དེ་རུ་ཁོང་གིས་གྲོགས་པོ་དང་ངོ་ཤེས་པ་ཚོ་བརྒྱུད་དེ་སློབ་ཕྲུག་ཚོའི་བསམ་བློར་ཡར་སྐུལ་བྱས་ཞིང་ཕྱི་ཟླ་༡༠བའི་ནང་རེབ་གོང་དུ་སྐད་ཡིག་ཡར་ལངས་བྱེད་སྐབས་ཕལ་ཆེར་ཁོང་ཉིད་ཀྱིས་དངོས་སུ་སྣེ་ཁྲིད་བྱས་ཡོད་འདུག

ཕྱིར་ཀན་ལྷོ་གཙོད་དུ་བྲོས་ཡོང་ནས་སྐད་ཡིག་ཡར་ལངས་སྐོར་གྱི་གནས་ཚུལ་ཕྱི་ལོགས་སུ་མཁོ་སྤྲོད་བྱེད་སྐབས་དེ་རུ་དྲ་ཁང་ཞིག་ནས་ཕྱི་ཟླ་༡༠བའི་ཚེས་འགོར་གཙོད་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ཤིང་།སྤྱི་ལོ་༢༠༡༢ལོའི་ཧོར་ཟླ་༠༡ཚེས་༡༤ཉིན་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཀྱི་ཉེས་མིང་འོག་ལོ་གསུམ་གྱི་བཙོན་ཐག་བཅད་ཡོད་པ་དང་ཚེས་༡༦ཉིན་བླ་བྲང་དུ་ཁྲིད་ཡོང་ནས་གྲོགས་པོ་རེ་གཉིས་དང་ངོ་འཕྲད་པར་བྱས་རྗེས་ལན་གྲུ་གྲོང་ཁྱེར་བཙོན་ཁང་ཨང་དང་བོ་རུ་བཙོན་འཇུག་བྱས་ཡོད་འདུག

ཁོང་གིས་སྙུག་མིང་ཨ་རི་དང་། ཨ་རི་འཇིགས་མེད། རྣམ་མཁྱེན། སྟོབས་ལྡན་སོགས་སྤྱད་ཐོག་ཆབ་སྲིད་དང་འབྲེལ་བ་ཡོད་མེད་གཉིས་ཀའི་རྩོམ་ཡིག་མང་དུ་སྤེལ། དེའི་ཁྲོད་ནས་མིག་ཆུ་ས་ལྷུང་དུས།ཞེས་པ་ཁོང་གི་འཐུས་ཚབ་རང་བཞིན་གྱི་རྩོམ་ཡིག་ཏུ་བགྲང་གིན་ཡོད་འདུག་ལ། ཕྱི་ལོགས་ཀྱི་དུས་དེབ་མཐོ་སྒང་གི་རྒྱབ་མདུན་དུ་ཁོང་གི་རྩོམ་ཡིག་རྒན་པོ་ཞིག་ལ་ཁ་བརྡ་བྱས་པ་སོགས་དང་གཞན་གྱི་རྩོམ་ཡིག་སོགས་གནས་ཚུལ་མང་དུ་མཁོ་སྤྲོད་བྱས་ཡོད་འདུག

ཁོང་བཙོན་ཁང་དེ་རུ་ལོ་གསུམ་དང་ཟླ་གཅིག་ལ་བཙོན་བཀག་བྱས་ཡོད་འདུག་ལ། ད་ལྟ་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོར་ཆགས་སྟབས་སྔོན་གྱི་འགྲོགས་འདྲིས་ཟབ་པའི་གྲོགས་པོ་ཚོས་ཀྱང་ངོས་མི་ཟིན་པའི་ཚོད་དུ་ལྷུང་ཡོད་འདུག་པ་དང་སྒལ་ཚིགས་དང་མཁལ་མ་ནད་པ་ཆགས་ཡོད་འདུག

བཙོན་འཇུག་གི་ལོ་གསུམ་པོའི་རིང་དུ་ཁོང་གིས་ཚེམ་བཟོའི་ལས་ཀ་བྱས་ཤིང་ཁབ་མིག་དང་སྐུད་སྣེ་ཁོ་ནར་མིག་གཏད་པས་ད་ལྟ་མིག་ཧ་ཅང་སྐྱོ་བོར་ཆགས་ཤིག་སྤྱན་ཤེལ་མ་མནབས་པར་ཞེ་དྲགས་མི་མཐོང་པའི་ཚོད་དུ་འདུག་ཟེར། ད་དུང་མུ་མཐུད་བརྗོད་དོན། ཁ་སང་ང་རང་ཁོ་བོར་བལྟ་རུ་སོང་བའི་ཉིན་ཤས་རིང་མི་ཧ་ཅང་མང་བོ་ཞིག་བལྟ་བར་སླེབས་འདུག་ལ་ངས་བསམ་ཚུལ་ལ་ཁོང་གི་ཀླད་པ་དང་སེམས་ཁམས་ཀྱང་ཅུང་ཟད་མི་བདེ་བར་ཆགས་འདུག་པ་མིན་ནམ་སྙམ་པའི་ཚོར་བ་བྱུང་ཞེས་བརྗོད་སོང་།
གསར་འགོད་པ་དོན་གྲུབ་པས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༧༢༠༡༣༡༦༥༥
བཤད་ཕོད།



བརྗོད་གཞི་གཞན་ཁག་ལ་གཟིགས།