choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཆབ་སྲིད་བཙོན་པ་སོག་མཁར་བློ་གྲོས་ལགས་གློད་གྲོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ༥ཚེས༣ཉིན། འདི་གར་གསར་ཁང་དུ་གནས་ཚུལ་འབྱོར་གསལ་ལ་གཞིག་ན། ཕྱི་ལོ་༢༠༡༣ཟླ༥ཚེས༢ཉིན་ལོ་ངོ་༢༡རིང་རྒྱ་གཞུང་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་འོག་གནས་དགོས་བྱུང་བའི་ཆབ་སྲིད་བཙོན་པ་བློ་གྲོས་རྒྱ་མཚོའམ་སོག་མཁར་བློ་གྲོས་ལགས་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་འདུག

དེ་ཡང་ཕྱི་ལོ་༡༩༩༣ཟླ༡ཚེས༡༧ཉིན་ཁོང་ལ་མི་གསོད་ཀྱི་དོན་རྐྱེན་འོག་རྒྱ་གཞུང་གིས་ནག་ཆུ་འབྲིང་རིམ་ཁྲིམས་ཁང་དུ་ཁྲིད་སྟེ་ལོ་༡༥རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ནས་ལྷ་ས་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད། དེའི་རྗེས་༩༥ལོའི་ཟླ༣ཚེས་༤ཉིན་བློ་གྲོས་ལགས་ཀྱིས་བཙོན་པ་ཡོངས་ལ་ཀུན་སློང་བྱས་ཏེ་བོད་རང་བཙན་ཡིན།

རྒྱ་མི་བོད་ནས་ཕར་རྒྱུགས། བོད་མི་ས་ཡ་དྲུག་རྡོག་རྩ་གཅིག་སྒྲིལ་ཡིན། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟེན་པ་ཤོག་ཅེས་བཙོན་ཁང་དུ་ངོ་རྒོལ་སྐད་འབོད་བྱས་ཤིང་ལག་བྲིས་ཀྱི་ཡིག་ཆ་༣༠༠ལྷག་གཏོར་བའི་རྐྱེན་གྱིས་བཙོན་སྲུང་འགོ་ཁྲིད་ཚོས་ཁྲིམས་ཁང་ལ་ཞུ་གཏུགས་བརྒྱབ་པ་ལ་བརྟེན་ནས་ཉིན་གསུམ་ལས་མ་འགོར་བར་དམར་གསོད་གཏོང་རྒྱུའི་བཀའ་རྒྱ་འབྱོར་ཡོད་པ་རེད་འདུག

སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་བལྟ་རྟོག་ཚོགས་པའི་འགན་འཛིན་ནས་རྒྱ་ནག་གཞུང་ལ་བློ་གྲོས་ལགས་གསོད་མི་ཆོག་པའི་གནོན་ཤུགས་སྤྲད་པ་མ་ཚད་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་ཁག་གཅིག་ནས་ཀྱང་་ཡིག་འཕྲིན་སོགས་ཀྱིས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་སྟབས་སྲོག་ཉེན་ལས་ཐར་ཐུབ་ཙམ་བྱུང་ཡོད་ན་ཡང་རྒྱ་གཞུང་གིས་ལོ་༢༡རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག 

བཙོན་ཁང་དུ་ངོ་རྒོལ་སྐད་འབོད་བྱས་པའི་ཉིན་དེ་ནས་བཟུང་ཟླ་ངོ་གཅིག་ལྷག་རིང་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་མྱོང་དགོས་བྱུང་ཞིང་། དེའི་རྗེས་བཙོན་ཁང་སྤོས་ནས་ད་བར་ཆུ་ཤུལ་བཙུན་ཁང་དུ་བཙོན་འཇུག་བྱས་འདུག ད་ཆ་ཁོང་གློད་གྲོལ་ཐོབ་ཀྱང་ཁོང་གི་གཟུགས་ཁམས་ཀྱི་གནས་སྟངས་སྐྱོ་བོར་ཆགས་ཡོད་པ་རེད་འདུག 

བློ་གྲོས་རྒྱ་མཚོ་ལགས་ནི་ཁམས་སོག་རྫོང་ཚ་དབྲོག་ཤང་སོག་མཁར་གྲོང་སྡེ་ནས་ཡིན་པ་དང་། ཁོང་གིས་སོག་རྫོང་དུ་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་བྱེད་མྱོང་ཞིང་ནག་ཆུ་ཁུལ་དུ་ཤེད་རྡོ་བཀྱགས་སྐབས་ཨང་དང་པོའི་བྱ་དགའ་ཐེངས་གཉིས་སུ་ཐོབ་མྱོང་ཡོད་པ་རེད་འདུག

ད་དུང་ཁོང་ནི་བློ་དཀར་གཞུང་དྲང་དང་དཔའ་མཛངས་རྟུལ་ཕོད་ཅན་ཞིག་ཡིན་པ་ཁོང་གི་བཙོན་གྲོགས་ཚོས་བརྗོད་ཀྱི་ཡོད་པ་རེད།  ད་ལྟར་ཁོང་ལོ་ན་༥༢ལ་སོན་ཞིང་ཁོང་ལ་ཨ་མ་དང་སྤུན་ཆུང་བ་གཅིག  སྲིང་མོ་ལྔ་བཅས་ཡོད་པ་རེད་འདུག  སྲིང་མོ་གཅིག་ནི་གླུ་མ་གྲགས་ཅན་བསོད་ནམས་དབང་མོ་ཡིན་པ་རེད།
གསར་འགོད་པ་དོན་འགྲུབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།