དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་དམ་དྲག་ཆེ་རུ་བཏང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ༥ཚེས༢ཉིན། བོད་ནས་གསར་དུ་འབྱོར་བའི་བོད་མི་ཞིག་གིས་འདི་གར་གསར་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་གསལ། བོད་ཀྱི་གདན་ས་གསུམ་གཙོས་དགོན་སྡེ་ཁག་ནང་དུ་རྒྱ་གཞུང་གི་དམག་དཔུང་མུ་མཐུད་གནས་བསྡོད་བྱེད་ཀྱི་ཡོད་པ་མ་ཚད། གྲྭ་བཙུན་དང་ཕྱི་ནས་ཡོང་བའི་གནས་སྐོར་བ་ཚོར་རྒྱ་གཞུང་གིས་སྤྲད་པའི་ཕྱིར་བསྐྱོད་ལག་ཁྱེར་ཆ་ཚང་ཡོད་ན་ཡང་དབྱེ་འབྱེད་དང་དམ་དྲག་ཚད་ལས་བརྒལ་བ་བྱེད་ཀྱི་ཡོད་པ་རེད། དེ་བཞིན་ཁམས་དཀར་མཛེས་ཁུལ་དུ་ཡང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་དོ་དམ་ནན་པོར་བྱེད་ཀྱི་ཡོད་འདུག

དེ་ཡང་ཁོང་གིས་གསུངས་དོན། བོད་ཆོལ་ཁ་གསུམ་གྱི་ནང་ནས་ལྷ་ས་ཁུལ་དུ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། ལྷག་པར་སེར་འབྲས་དགེ་གསུམ་གཙོས་དགོན་སྡེ་ཁག་ནང་དུ་འཇིགས་སྐུལ་དང་དམ་སྲུང་ཤུགས་ཆེན་བྱས་ནས་རྒྱུན་དུ་གདན་ས་གསུམ་གཙོས་དགོན་སྡེ་ཁག་ནང་དུ་དམག་མིས་ཁེངས་བསྡད་པ་མ་ཟད་གཙུག་ལག་ཁང་དང་རྭ་མོ་ཆེ་པོ་ཏྭ་ལ་བཅས་སུ་དམག་མི་དང་ཉེན་རྟོག་པས་ལྟ་སྲུང་ནན་པོར་བྱེད་ཀྱི་འདུག

ཕྱིར་ནས་ཡོང་བའི་གནས་སྐོར་བ་ང་ཚོ་ལྟ་བུར་ཕྱིར་བསྐྱོད་ལག་ཁྱེར་ཆ་ཚང་ཡོད་ཀྱང་རང་དབང་ངང་ལྷ་ས་གྲོང་ཁྱེར་དུ་འཛུལ་མི་ཆོག་ཅིང་། རྒྱ་ནག་གཞུང་གིས་སྤྲད་པའི་ལག་ཁྱེར་ཆ་ཚང་སོ་སོའི་ལུས་གྲིབ་མ་བཞིན་འཁྱེར་དགོས་ཀྱི་འདུག  དེ་བཞིན་རྒྱུན་དུ་ལྷ་སའི་ཁྲོམ་གཞུང་ཆེ་ཁག་ཏུ་དོ་དམ་ནན་པོས་དམག་དཔུང་རུར་བསྒྲིགས་ཏེ་སྐོར་བསྐྱོད་བྱེད་པ་དང་། ཐ་ན་ལྷ་སའི་གྲོང་མཐར་ཡང་དམ་དྲག་ཆེ་པོ་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་ཞིང།

ཡང་ཁོང་གིས་ཕ་ཡུལ་གྱི་སྐོར་ལ་འགྲེལ་བརྗོད་གནང་དོན། ཕ་ཡུལ་དུ་མི་ཚང་སོ་སོར་ཞབས་རིམ་བྱེད་དུ་དགེ་འདུན་པ་གདན་འདྲེན་ཞུ་དུས། དང་པོར་ཞང་སྲིད་གཞུང་དང་དེ་ནས་རྫོང་སྲིད་གཞུང་གི་ཆོག་མཆན་དགོས་ཀྱི་རེད། དེ་ལྟར་མེད་ན་ཞབས་རིམ་བྱེད་ཆོག་གི་མ་རེད། དེ་བཞིན་དགོན་པ་ཁག་སོ་སོར་གྲྭ་གྲང་གཏན་འབེབ་བྱས་ཤིང་ལོ་ན་༡༨མ་སོན་ན་གྲྭ་བ་བྱེད་མི་ཆོག་པའི་ཁྲིམས་བཟོས་པ་མ་ཚད་༧གོང་ས་མཆོག་གི་སྐུ་པར་ལྐོག་ཏུ་སྒྲིག་གཤོམ་བྱེད་རྒྱུ་ལས་རྒྱ་གཞུང་མི་སྣ་ཚོ་ཡོང་དུས་སྦས་སྐུང་བྱེད་དགོས་ཀྱི་ཡོད་རེད་ཅེས་ཚོར་ཤུགས་ཆེ་པོས་གསུངས་དོན། རྒྱ་གཞུང་གིས་ང་ཚོར་ཆོས་ལུགས་དད་མོས་རང་དབང་ཡོད་ཟེར་བ་འདི་འདྲ་རེད་ཅེས་འགྲེལ་བརྗོད་གནང་སོང་།

ཡང་དགའ་འོས་པའི་གནས་ཚུལ་ཞིག་ལ་བོད་ཀྱི་ས་གནས་མང་པོ་ཞིག་དང་ལྷག་པར་ཞིང་འབྲོག་ས་ཁུལ་ཁག་ཏུ་བོད་རིགས་ནང་ཕན་ཚུན་རྡོག་རྩ་གཅིག་སྒྲིལ་བྱེད་ཡག་ལ་འབད་འབུངས་ཤུགས་དྲག་ངང་གྲོང་སྡེ་ཁག་ལ་ཤེས་ཡོན་དར་སྤེལ་ཆེད་སོ་སོའི་བུ་ཕྲུག་སློབ་གྲྭར་སྐྱེལ་བ་དང་སློབ་གྲྭ་གྲོལ་དུས་བོད་ཡིག་དགེ་རྒན་སར་ཟུར་སྦྱོང་བྱེད་དུ་གཏོང་གི་ཡོད་པ་རེད། རྡོག་རྩ་གཅིག་སྒྲིལ་དང་ཤེས་ཡོན་དར་སྤེལ་ནི་འདོར་དུ་མི་རུང་པའི་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཞིག་ཏུ་ཁོང་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་ཡང་རེད་འདུག

གཞན་ཡང་ཁོང་ལ་ལྷ་སར་གཏན་བསྡོད་བྱས་པའི་བོད་མིས་འགྲེལ་བརྗོད་གནང་གསལ་ལ་གཞིག་ན། སྔ་ལོའི་སྤྱི་ཟླ་༥བ་ནང་དུ་རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་བ་ནས་བཟུང་ད་ལྟའི་བར་ལྷ་ས་གྲོང་ཁྱེར་ཡོངས་རྫོགས་ལ་དྲག་གནོན་དང་དོ་དམ་ཧ་ཅང་ཚད་མཐོ་རུ་བཏང་ནས། རྩེ་པོ་ཏ་ལར་གནས་མཇལ་དུ་འགྲོ་དགོས་བསམས་ཀྱང་རྒྱང་ནས་ཕྱག་འཚལ་བ་དང་སྨོན་ལམ་འདེབས་རྒྱུ་མ་གཏོགས་དངོས་སུ་ནང་དུ་འཛུལ་ནས་འདོད་བློ་ཚིམ་པའི་མཇལ་ཁ་ཞིག་ཐོབ་རྒྱུར་ཧ་ཅང་དཀའ་ལས་ཁག་པོར་རེད་ཅེས་འགྲེལ་བརྗོད་གནང་འདུག  གནས་ཚུལ་མཁོ་སྤྲོད་པ་ཁོང་ནི་ཁམས་དཀར་མཛེས་ནས་ཡིན་ཞིང་ཁོང་ཕ་ཡུལ་དུ་ལོག་དགོས་སྟབས་མཚན་སྨོད་འདོད་མེད་པ་རེད་འདུག

གསར་འགོད་པ་དོན་འགྲུབ།

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།