choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མདོ་སྨད་བྱ་ཁྱུང་དགོན་དུ་རྒྱ་གཞུང་གི་དམ་དྲག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ༥ཚེས༡ཉིན། མདོ་སྨད་བྱ་ཁྱུང་དགོན་པའི་ནང་དུ་ཉེ་སྔོན་རང་ལུས་མེར་སྲེག་གི་དོན་རྐྱེན་འབྱུང་སྐབས། རྒྱ་གཞུང་གིས་དགེ་འདུན་པ་ཁག་ཅིག་ལ་བོད་མི་འཛིན་བཟུང་བྱས་པའི་འདྲ་པར་སྟོན་ཞིང་རྒྱལ་གཅེས་ཆོས་གཅེས་ཞེས་པའི་སློབ་གསོ་སྤེལ་ནས་སུན་གཙེར་སྣ་ཚོགས་བྱེད་བཞིན་ཡོད་འདུག

དེ་ཡང་ཕྱི་ལོ་༢༠༡༣ཟླ༤ཚེས་༢༧ཉིན་བོད་ནས་བོད་མི་ཞིག་གིས་འདི་གར་གནས་ཚུལ་བཏང་གསལ། མཚོ་སྔོན་ཞིང་ཆེན། བ་ཡན་རྫོང་། བྱ་ཁྱུང་དགོན་པའི་ནང་དུ་བོད་རིགས་ན་གཞོན་ཕག་མོ་དོན་འགྲུབ་ལགས་ཀྱིས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་སྐུ་འདས་གྲོངས་སུ་གྱུར་སྐབས།

རྒྱ་གཞུང་གི་ཉེན་རྟོགས་མི་སྣས་དགོན་པའི་དགེ་འདུན་པ་ཁག་ཅིག་དོན་མེད་ལ་འཛིན་བཟུང་འདྲི་རྩད་བྱེད་པ་དང། རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་དོན་ཅི་རིགས་སྤེལ་ཏེ་དགོན་པའི་དགེ་འདུན་པ་ཚོར་སུན་གཙེར་བཟོ་ཡི་མ་ཚད།

རྒྱ་གཞུང་གི་དམག་མི་བཞི་བཅུ་ལྷག་རྒྱུན་སྡོད་ཀྱིས་དགོན་པའི་འདབས་སུ་ཐོགས་མར་སྡོད་གུར་བརྒྱབ་ནས་བསྡད་པ་དང་། ད་ཆར་ཁང་པ་གསར་རྒྱག་བྱས་ཤིང་།

ཁོང་ཚོའི་དུས་རྒྱུན་དུ་ལས་ཀ་གཙོ་བོ་ནི་དགོན་པའི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་འདྲ་མིན་སྤེལ་བ་དང་། དམིགས་གསལ་དུ་དགེ་འདུན་པ་ཚོའི་ཁ་པར་ནང་སྔོགས་གཤེར་གྱིས་བོད་དོན་དང་འབྲེལ་བའི་སྐོར་གྱི་འདྲ་པར་ཡོད་མེད་བཅས་བརྟག་དཔྱད་བྱེད་ཀྱི་ཡོད་པ་རེད།

འདས་བོ་དམ་པ་ཕག་མོ་དོན་འགྲུབ་ལགས་ཀྱི་ཁྱིམ་ནང་དུ་མྱ་ངན་བྱེད་དུ་འགྲོར་མ་བཅུག་པར་བཀག་འགོག་བྱེད་ཅིང་། ས་གནས་ཀྱི་ཡུལ་མི་དང་དགེ་འདུན་པ་ཚོ། ཁོང་ཚང་ལ་མྱ་ངན་བྱེད་དུ་སོང་བ་ཉེན་རྟོགས་དམག་མིས་ཤེས་རྟོགས་བྱུང་ཚེ་མི་ལོ་བཅོ་ལྔ་ནས་ཉི་ཤུ་བར་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་སོགས་ཉིན་ལྟར་ཁྱབ་བསྒྲགས་དང་འཇིགས་སྐུལ་བྱེད་བཞིན་ཡོད་པ་རེད་འདུག

ཕག་མོ་དོན་འགྲུབ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་དེ་ནི། ཁོང་དབང་བོ་མི་ཚང་བའི་བླུན་པོ་ཞིག་ཡིན་སྟབས་རང་ཉིད་ཀྱིས་རང་ཉིད་མེར་སྲེག་བཏང་བ་རེད་མ་གཏོགས་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་ཞིག་གཏན་ནས་མིན་སྐོར་གྱི་ཡི་གེ་ཞིག་བྲིས་ཡོང་སྟེ། འདས་བོ་དམ་པ་ཕག་མོ་དོན་འགྲུབ་ལགས་ཀྱི་ཨ་ཕའི་ཤ་ཉེ་དང་ཨ་མའི་ཤ་ཉེ་ཡོངས་ལ་མཛུབ་ཐེ་རྒྱག་བཅུག་ཡོད་པའི་གནས་ཚུལ་བྱུང་ཞིང་།

གཞན་ཡང་རྒྱ་གཞུང་གི་ལས་བྱེད་ཚོ་ས་དཀར་གོང་བའི་སྡེ་བ་ནང་ཡོང་སྟེ་ད་ནས་བཟུང་སྡེ་བ་དེར་སྲིད་གཞུང་གིས་རོགས་སྐྱོར་གང་ཡང་བྱེད་རྒྱུ་མིན་ཞེས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་དང་། ད་དུང་ཡིན་ན་ཡང་རྒྱ་གཞུང་གི་མི་སྣས་འདས་བོ་ཚང་གི་མི་རྣམས་ལ་དམ་སྲུང་བྱས་ནས་བསྡད་འདུག་ཅེས་སོགས་འགྲེལ་བརྗོད་གནང་ཞིང་། གཞན་ཡང་གནས་ཚུལ་མཁོ་སྤྲོད་པའི་འདྲ་པར་ཁག་ཅིག་བཏང་འབྱོར་བྱུང་བའི་ནང་དུ། རྒྱ་གཞུང་གི་མི་སྣས་དགེ་འདུན་པ་ཚོ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བཞིན་པའི་རྣམ་པ་དང་ཉེ་སྔོན་འཛིན་བཟུང་བྱས་བའི་དགེ་འདུན་པ་དག་འདྲ་པར་སྟེང་གསལ་བོར་ཐེབས་ཡོད་པ་རེད་འདུག

གསར་འགོད་པ་དོན་འགྲུབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།