choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱ་མིས་ཁམས་གོ་འཇོ་རུ་བོད་མི་ཞིག་དམར་གསོད་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ༢༠༡༣ལོའི་ཟླ་༥ཚེས་༡ཉིན། རྒྱ་ནག་གཞུང་གིས་མདོ་ཁམས་གོ་འཇོ་རྫོང་དུ་བོད་མི་གཅིག་དམར་གསོད་བཏང་ཡོད་པ་མ་ཟད། ཁུལ་དེའི་བོད་མི་གནད་ཡོད་ཁག་ཅིག་འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

དེ་ཡང་བོད་ནས་འདི་ག་གསར་ཁང་དུ་༢༠༡༣/༠༤/༣༠ཉིན་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༣ པའི་ཟླ་མཇུག་ཏུ་མདོ་ཁམས་གོ་འཇོ་སྨ་རོང་གྲོང་ཚོའི་འཇོ་ལ་ཚང་གི་བུ་ནོར་དགའ་ཞུ་བར། ས་གནས་ཉེན་རྟོག་པ་དང་དམག་མིས་རྒྱུ་རྐྱེན་ཅི་ཡིན་གསལ་བཤད་མེད་པར་ཉེས་རྡུང་ཚད་མེད་བཏང་སྟེ་རྐྱེན་ལམ་དུ་བཏང་ཡོད་འདུག

ཡང་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༧ པར་བྲག་ནག་དགོན་པའི་མཁན་པོ་པདྨ་བཀྲ་ཤིས་ལགས། གནས་ཚུལ་ཅི་ཡིན་གསལ་བཤད་མེད་པར་འཛིན་བཟུང་གིས་ཆབ་མདོའི་ཕྱོགས་སུ་བཙན་འཁྲིད་བྱས་རྗེས་ད་བར་ཤི་གསོན་གང་ཡིན་གྱི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག་ལ། སྔར་ལོ་ཕྱི་ཟླ་ ༩ ཚེས་ ༢ ཉིན་གོ་འཇོ་རྫོང་ཆོས་རྒྱལ་དགོན་པའི་སྤྲུལ་སྐུ་དཔལ་ལྡན་དབང་རྒྱལ་ལགས་དང༌། འགྲོ་འདྲེན་དགོན་པའི་སྤྲུལ་སྐུ་རྡོ་རྗེ་ཆོས་འབྱོར་ལགས། རྒྱལ་བ་དགོན་པའི་མཁན་པོ་བསོད་ནམས་མཁའ་འགྲོ་ལགས། ཐུབ་བསྟན་ལགས་བཅས་མི་ ༤ རྒྱ་ནག་གཞུང་གིས་སྐབས་དེར་བླ་སྤྲུལ་ཚོ་བསྡུ་སྐོང་གིས་འཛིན་བཟུང་བྱས་ཏེ། ཆབ་མདོའི་ཕྱོཊ་སུ་བཙན་འཁྲིད་ཡོད་ཀྱང༌། ད་བར་ཡུལ་མི་ཚོས་གར་ཡོད་དང་ཤི་གསོན་གྱི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག

ཡང་གནས་ཚུལ་ནང་མུ་མཐུད་བཀོད་པར་གཞིགས་ན། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་གང་སར་བོད་མི་དམར་གསོད་དང་དྲག་གནོན། ཁོར་ཡུག་ལ་གཏོར་སྐྱོན་བཏང་བ་དང༌། ལྷག་པར་ ༢༠༠༨ ལོ་ནས་བཟུང་བོད་མིའི་ཐོག་ཁྲིམས་ལུཊ་འདྲ་མིན་བཟོས་ཏེ་བོད་མི་ཚོ་དམར་གསོད་དང་བཙོན་འཇུག་བྱས་པ་དང་། གང་བྱུང་གིས་ཉེས་རྡུང་ཚད་མེད་བཏང་བ་དང་ཁྲིམས་ཆད་ལྕི་པོ་བཀལ་བ་སོགས་བློ་ཡུལ་ལས་འདས་པའི་མནར་གཅོད་གཏོང་བཞིན་ཡོད་འདུག།

གཞན་ཡང་ཉེ་བའི་ལོ་ཤས་རིང་ནས་བཟུང་ཁམས་གོ་འཇོ་རྫོང་གི་ཉེ་འགྲམ་དུ་ཡོད་པའི་ཕ་རེས་གྲོང་གི་ཡུལ་མིའི་ས་ཞིང་བཙན་འཕྲོག་གིས། ཡུལ་མི་རྣམས་ས་གནས་གཞན་དུ་བཙན་དབང་གིས་གནས་སྤོ་བྱེད་དུབཅུག་པ་དང༌། ས་གནས་ཀྱི་དགོན་སྡེ་ཁག་ཏུ་དམག་མི་དང་ཉེན་རྟོག་པ་འབོར་ཆེན་འགྲེམས་འཇོག་བྱས་པ། རྒྱ་གཞུང་གི་ལས་བྱེད་མི་སྣ་སྟེ་ལས་དོན་རུ་ཁག་མངགས་གཏོང་གིས་དགོན་གྲོང་ཚང་མར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བ་སོཊ་ཁུལ་དེ་དག་ཏུ་ཡོད་པའི་བོད་མི་རྣམས་ལ་དམ་དྲག་ཚ་ནན་བྱེད་བཞིན་ཡོད་པའི་སྐོར་གནས་ཐོན་བཞིན་ཡོད་འདུག

གསར་འགོད་པ་ཡེ་ཤེས་ཆོས་བཟང་གིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།