choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཁམས་ཡུལ་ཤུལ་ནང་ཆེན་དུ་བོད་མི་༧འཛིན་བཟུང།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ༤ཚེས༢༢ཉིན། ཁམས་ཡུལ་ཤུལ་ཁུལ། ནང་ཆེན་རྫོང་། ལྕི་ཆུ་ཞང་། དབའ་བོ་གྲོང་སྡེ་རུ་ཆེན་གྱི་ཁོངས་གཏོགས་གྲོང་འབེལ་ཡུལ་མི་ལ་རྒྱ་གཞུང་གིས་རྩྭ་སའི་རིན་ཞེས་པའི་དངུལ་ཕྲན་བུ་སྤྲད་དེ་ས་ཆ་གཞུང་བཞེས་དགོས་པའི་བཙན་བཀའ་བཏང་ཡང་། མི་དམངས་ཀྱིས་ངོས་ལེན་མ་བྱས་སྟབས་རྡུང་རྡེག་དྲག་པོའི་ལས་འགུལ་བརྩམས་ཏེ་བོད་མི་༧འཛིན་བཟུང་བཀག་ཉར་བྱས་ཤིང་མི་མང་ལ་རྡུང་རྡེག་ཚབ་ཆེན་ཕོག་ཡོད་འདུག

དེ་ཡང་ཕྱི་ལོ་༢༠༡༣ཟླ་༡ཚེས་༡༩རྒྱ་ནག་གཞུང་གིས་ནང་ཆེན་གྱི་ས་ཁུལ་མང་པོ་ཞིག་ལ་རྩྭ་སའི་རིན་ཞེས་པའི་དངུལ་ཕྲན་བུ་སྤྲད་དེ་ས་ཆ་གཞུང་བཞེས་དགོས་པའི་གནས་ཚུལ་ཞིག་བྱུང་ཞིང་། དེའི་སྐབས་ས་གནས་མི་དམངས་ཀྱིས་ངོ་རྒོལ་བྱས་པ་དང་། སྐབས་དེར་ངོ་རྒོར་བྱེད་མཁན་གྱི་མི་སྣ་གཙོ་བོ་ཞིག་འཛིན་བཟུང་བྱས།

རྗེས་སུ་མི་དམངས་ཀྱིས་ཉེན་རྟོག་རུ་ཁག་ལ་འཛིན་བཟུང་བྱས་པའི་མི་དེ་གློད་གྲོལ་དགོས་པའི་ངོ་རྒོལ་བྱས་སྟབས། ཉེན་རྟོག་རུ་ཁག་གིས་མི་དེ་གློད་གྲོལ་བྱེད་དགོས་བྱུང་ཡོད་འདུག་ཀྱང་། ཕྱི་ལོ་༢༠༡༣ཟླ༤ཚེས༢༢ཉིན་ཉེན་རྟོག་པས་གློ་བུ་དུ་ཡུལ་མི་༧འཛིན་བཟུང་བྱས་ཤིང་། འཛིན་བཟུང་བྱེད་དོན་ནི་ལོ་སྔོན་མར་རྩྭ་སའི་རིན་ཞེས་པའི་དངུལ་ཕྲན་བུ་སྤྲད་དེ་ས་ཆ་གཞུང་བཞེས་བྱེད་རྒྱུར་མི་དམངས་ཀྱིས་ངོས་ལེན་མ་བྱས་པའི་རྐྱེན་གྱིས་ཡིན་འདུག

ཡུལ་མི་༧འཛིན་བཟུང་བྱས་རྗེས་ཡུལ་དེའི་མི་དམངས་ཀྱིས་ཁོང་ཚོ་གློད་གྲོལ་དགོས་པའི་ཞུ་བ་འཐེན་ཡང་ཉེན་རྟོག་པའི་འགོ་ཁྲིད་གཙོས་ཡུལ་དེའི་ཉེན་རྟོག་པས་ཉན་འཇོག་གང་ཡང་མ་བྱས་པར་མི་དམངས་ཁྲོད་གང་བྱུང་ལ་དུག་རླངས་དང་དེང་དུས་ཀྱི་ལག་ཆ་འདྲ་མིན་བེད་སྤྱད་དེ་རྡུང་རྡེག་ཚབ་ཆེན་བྱས་སྟབས། ཡུལ་དེའི་མི་དམངས་རྣམས་ནགས་གསེང་དང་རི་རྒྱབ་སོགས་སུ་ཡིབ་བསྡོད་དགོས་པའི་སྲོག་ཉེན་གྱི་གནས་སུ་གྱར་ཡོད་འདུག་ལ། དེའི་སྐབས་ཉེན་རྟོག་རླངས་འཁོར་༡༢ཙམ་བསླེབས་ཡོད་འདུག

ཡང་དོན་རྐྱེན་དེའི་རྗེས་སུ་བོད་མི་ཉེན་རྟོག་པ་ཞིག་གིས་དོན་མེད་ཡུལ་མི་དེ་དག་ལ་ཚབ་ཆེན་གྱི་ཉེས་རྡུང་དེ་འདྲ་བཏང་ན་མི་འགྲིག་པའི་ཚུལ་སོགས་བཤད་དེ་ཉེན་རྟོག་པ་གཞན་ལ་ངོ་རྒོལ་བྱས་སྟབས། ཡུལ་དེའི་མི་དམངས་ཀྱིས་ཁོང་ལ་དགའ་མོས་དང་བསྔགས་བརྗོད་ཀྱང་བྱེད་ཀྱི་ཡོད་འདུག  ཡང་ཡུལ་ཤུལ་ཁུལ་དུ་ས་ཡོམ་གྱི་དོན་རྐྱེན་བྱུང་རྗེས་ཏེ་ཉེ་ཆར་ས་ཁུལ་རང་དུ་རྒྱ་གཞུང་གིས་སྡོད་ཁང་ལེགས་གྲུབ་མ་བྱུང་གོང་ནས་མི་མང་གི་སྡོད་གུར་བཙན་འཕྲོག་བྱས་སྟབས། ས་གནས་མི་མང་ལ་དཀའ་སྡུག་གང་མང་ཞིག་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

གསར་འགོད་པ་དོན་འགྲུབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།