དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཁམས་མགོ་ལོག་ཁུལ་དུ་དགེ་རྒན་ཞིག་ཕྱིར་འབུད་བཏང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༤ཚེས་༢༧ཉིན། འདི་ག་གསར་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མདོ་ཁམས་ལི་ཐང་ཉག་ཆུ་རྫོང་ཁོངས་གཏོགས་མགོ་ལོག་སྟོད་ཀྱི་གྲོང་ཚོ་གསུམ་ཡོད་པའི་ནང་ནས་བར་གྲོང་ཞེས་པར་རྟེན་གཞི་བྱེད་པའི་གཞི་རིམ་སློབ་གྲྭའི་དགེ་རྒན་ཞིག་རྒྱ་གཞུང་གིས་ཕྱིར་འབུད་བཏང་ཡོད་འདུག

དེ་ཡང་ཉེ་ཆར་བཙན་བྱོལ་དུ་ཕེབས་པའི་རྒྱལ་མཚན་ལགས་ཀྱིས་འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་དུ་གསུངས་དོན། ཁོང་ཁམས་དཀར་མཛེས་ཁུལ་གྱི་ཉག་ཆུ་རྫོང་རྗེ་བཙུག་ཡུལ་ཚོ་མགོ་ལོག་སྟོད་ཀྱི་སློབ་ཆུངཞིག་ན་ལོ་གཉིས་ཙམ་རིང་བོད་དགེ་ཞིག་གནང་ནས་བཞུགས་མྱོང་ཡོད་པ་དང་། སློབ་གྲྭ་དེ་རྒྱ་གཞུང་གིས་བཙུགས་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་སློབ་གྲྭའི་ནང་སློབ་ཕྲུག་༦༠ཙམ་ཡོད་པ་རེད་ཅེས་གསུངས་སོང་།

སློབ་གྲྭའི་ནང་དུ་ཁོང་ཐེ་བའི་དགེ་རྒན་འགའ་ཞིག་ནས་བོད་ཡིག་དང་། རྒྱ་ཡིག ཨང་རྩིས་བཅས་ཀྱི་སློབ་ཚན་ཁག་སློབ་ཁྲིད་གནང་གི་ཡོད་ཅིང་། ཁོང་གིས་བོད་ཡིག་སློབ་ཁྲིད་གནང་ཡོད་པ་རེད། འོན་ཀྱང་རྒྱ་གཞུང་གིས་ཁོང་རང་ཉིད་ནས་སློབ་གྲྭའི་ནང་དུ་སློབ་ཕྲུག་ཚོར་མི་རིགས་ཀྱི་ལ་རྒྱ་ཁྱབ་སྤེལ་བྱེད་གྱིན་ཡོད་པའི་དོགས་གཞི་བྱུང་སྟེ་ཉེན་བརྡ་ཐེངས་མང་སྤྲད་བྱུང་ཞེས་དང་མཐར་ཕྱིར་འབུལ་ཡང་བཏང་བྱུང་ཞེས་འགྲེལ་བརྗོད་གནང་སོང་། སྤྱིར་ཁོང་གིས་སློབ་གྲྭ་དེའི་ནང་དུ་ཡོད་པའི་སློབ་ཕྲུག་མང་པོ་ཞིག་ཉེ་འགྲམ་དུ་ཡོད་པའི་ས་ཁུལ་གཞན་ནས་སློབ་གྲྭར་སླེབས་ཀྱི་ཡོད་པ་དང་། དཀའ་ངལ་ཞིག་ཡོད་པ་ནི་ཉིན་གུང་ཆུ་ཚོད་༡༢ལཞལ་ལག་གི་དུས་ཚོད་ཡིན་པས་སློབ་ཕྲུག་རྣམས་རང་ཁྱིམ་དུ་ཕར་ལོག་དགོས་པ་དང་། ཚུར་སློབ་གྲྭར་སླེབས་དུས་ཆུ་ཚོད་གཉིས་དང་ཕྱེད་ཙམ་འགོར་གྱིན་ཡོད་པ་རེད།

སློབ་གྲྭའི་སློབ་ཁྲིད་ཀྱི་དུས་ཚོད་རིང་པོ་ཞིག་སློབ་ཕྲུག་ཚུར་ལོག་པའི་སྐབས་སུ་ཆུད་ཟོས་སུ་འགྲོ་བར་བརྟེན། ཁོང་གིས་དཀའ་ངལ་དེ་མི་ཡོང་བའི་ཆེད་དུ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་ཡོད་པའི་རྒྱ་རིགས་མཐོ་རིམ་སློབ་མ་འགའ་ཤས་ནས་རོགས་བསྡུ་རུབ་བྱས་པ་དང་། ད་དུང་དཀའ་ངལ་དེ་སེལ་རྒྱུའི་ཆེད་དུ་སློབ་གྲྭའི་ཉིན་གུང་ཞལ་ལག་སྦྱིན་བདག་ཀྱང་སློབ་གྲྭ་ཆེན་མོ་ཐོན་པའི་རྒྱ་མི་ཞིག་འཚོལ་ཐུབ་པ་བྱུང་ཡོད་པ་རེད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ། རྒྱ་གཞུང་གི་ས་གནས་ལས་བྱེད་པ་ཚོས་ཁོང་གིས་གནང་བའི་ལས་དོན་དེ་དག་ཕྱི་རྒྱལ་རོགས་སྐྱོར་ཚོགས་པ་ཞིག་དང་འབྲེལ་བ་ཡོད་ཚུལ་དང་། ལས་དོན་དེ་རྣམས་བརྒྱུད་སློབ་ཕྲུག་དེ་དག་ལ་བོད་མི་རིགས་ཀྱི་ལ་རྒྱ་སྤེལ་ནས་ཆབ་སྲིད་དང་འབྲེལ་བ་ཡོད་པའི་དྭོགས་གཞིའི་འོག་ཉེན་འཛུགས་ཀྱིས་༢༠༡༢ལོའི་ལོ་མཇུག་ཏུ་སློབ་གྲྭ་དེ་ནས་ཕྱིར་འབུད་བཏང་སོང་ཞེས་འགྲེལ་བརྗོད་གནང་སོང་།

རྒྱལ་མཚན་ལགས་ནི་ཁམས་ཉག་ཆུ་རྫོང་མགོ་ལོག་སྟོད་ནས་ཡིན་པ་དང་། ཆུང་དུས་ནས་བོད་ཀྱི་སྐད་ཡིག་དོ་སྣང་དང་ལ་ཞེན་ཆེ་བ་ཡོད་པའི་བོད་མི་ཞིག་ཡིན་པ་དང་། རྒྱུན་དུས་ནས་ཁོང་གི་ཕ་ཡུལ་མགོ་ལོག་བར་གྲོང་སློབ་ཆུང་དུ་བོད་ཡིག་གི་ལམ་ནས་སྤྱི་ཚོགས་ཞབས་ཞུ་བསྒྲུབ་འདུན་ཆེན་པོ་ཡོད་པ་རེད། འོན་ཀྱང་༢༠༡༢ལོའི་ལོ་མཇུག་སློབ་གྲྭ་ནས་ཕྱིར་འབུད་བཏང་རྗེས་ཕ་ཡུལ་དུ་གནས་ཐབས་དཀའ་བར་བརྟེན་བྲོས་བྱོལ་དུ་ཕེབས་རྒྱུར་ཐག་བཅད་ཡོད་པ་དང་། དེ་ནས་ཟླ་བ་གཉིས་ཙམ་གྱི་རྗེས་སུ་བལ་ཡུལ་བརྒྱུད་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས་ཡོད་པ་རེད།

གསར་འགོད་པ་སྐལ་བཟང་སྒྲོལ་མས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།