choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་མི་དགེ་རྒན་གཉིས་༢༠༠༢ནས་གར་སོང་ཆ་མེད་དུ་གྱུར་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ༤ཚེས༢༧ཉིན། མདོ་ཁམས་ཉག་ཆུ་རྫོང་བོད་མི་དགེ་རྒན་གཉིས་ཕྱི་ལོ་༢༠༠༢ནས་གར་སོང་ཆ་མེད་དུ་གྱུར་ནས་ནང་མི་སྤུན་མཆེད་ཚོས་ནུས་ཤུགས་གང་ཡོད་ཀྱིས་འདས་པའི་མི་ལོ་བཅུའི་རིང་རྩད་གཅོད་བྱས་ཀྱང་བརྙེད་སོན་བྱུང་མེད་པའི་གནས་ཚུལ་ཐོན་འདུག

དེ་ཡང་ཁམས་ལི་ཐང་ཉག་ཆུ་རྫོང་གི་གཡས་གཡོན་གྱི་ས་ཁུལ་ཁག་ཏུ་ཡོད་པའི་བོད་མི་ཉམ་ཐག་དང་དབང་པོ་སྐྱོན་ཅན་༣༠༠ལྷག་གི་དོན་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གིས་ཆེད་འཛུགས་གནང་བའི་ཞི་བདེ་སློབ་གྲྭ་ཞེས་པར་བོད་ཡིག་དང་ནང་ཆོས་སོགས་སློབ་ཁྲིད་གནང་ཡོད་པ་རེད།

རང་ལོ་༣༥ཡིན་པ་བསྟན་པ་རབ་རྒྱས་ལགས་དང་རང་ལོ་༤༠ཡས་མས་ཡིན་པ་ཆོས་རྡོར་གཉིས་ཉག་ཆུ་རྫོང་དང་ས་ཐག་ཉེ་བའི་རྒྱ་ནག་གི་གྲོང་ཁྱེར་ཁྲན་ཏུང་དུ་༢༠༠༢ལོའི་ཟླ་༤ཚེས་༨ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་ཅེས་ཉེ་དུས་ཉག་ཆུ་མགོ་ལོག་སྟོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པའི་རྒྱལ་མཚན་ལགས་ནས་འདི་ག་གསར་ཁང་ལ་འགྲེལ་བརྗོད་གནང་སོང་། ཁོང་གཉིས་ཨོ་ཐོག་དགོན་པའམ་ཨོ་ཐོག་ཎ་ལེནྡྲ་ཐེག་ཆེན་ཆོས་གླིང་དུ་ཆུང་དུས་ནས་སློབ་ཞུགས་གནང་ནས་མདོ་སྔགས་དང་ཐུན་མོང་རིག་གནས་བཅས་སློབ་གཉེར་གནང་ཡོད་འདུག

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གིས་བཙུགས་པའི་སློབ་གྲྭ་དེ་ཕྱི་ལོ་༢༠༠༢ཟླ༤ནང་དུ་ཁུལ་དེའི་རྒྱ་གཞུང་གི་དཔོན་རིགས་ཚོས་སྒོ་བརྒྱབ་ཡོད་པ་དང་། དེ་རྗེས་ཁོང་གཉིས་སློབ་གྲྭ་དེ་ནས་ཕྱིར་ཐོན་གནང་དགོས་བྱུང་ཡོད་པ་རེད།

གྲྭ་ཆོས་རྡོར་ལགས་ནི་ཕ་ཡུལ་ཁམས་ཉག་ཆུ་རྫོང་ཨོ་ཐོག་ཐང་དཀར་མ་སྟོད་ཀྱི་འབྲོག་སྡེ་ནས་ཡིན་པ་དང་། གྲྭ་བསྟན་པ་རབ་རྒྱས་ལགས་ནི་ཕ་ཡུལ་ཨོ་ཐོག་ཁྲོ་ཁོ་འབྲོག་སྡེ་ནས་ཡིན་པ་དང་། ཁོང་གིས་མགོ་ལོག་སྟོད་ཀྱི་གྲོང་སྡེ་གསུམ་ཡོད་པའི་ནང་ནས་བར་གྲོང་དུ་ལོ་མང་རིང་ནང་ཆོས་དང་བོད་ཡིག་བཅས་ལ་སློབ་གཉེར་གནང་མྱོང་ཡོད་པ་རེད།

རྒྱ་གཞུང་གིས་ཞི་བདེ་སློབ་གྲྭ་དེ་སྒོ་མ་བརྒྱབ་སྔོན་དུ་གྲྭ་བསྟན་པ་རབ་རྒྱས་དང་ཆོས་རྡོ་གཉིསསློབ་གྲྭ་དེར་དགེ་རྒན་གྱི་ཕྱག་ལས་གནང་ཡོད་འདུག་པ་དང་། དེའི་རྗེས་སུ་ཁྲན་ཏུང་གྲོང་ཁྱེར་བརྒྱུད་མདོ་སྨད་གསང་ཆུ་བླ་བྲང་དགོན་དུ་མུ་མཐུད་སློབ་སྦྱོང་བྱེད་དུ་ཕེབས་རྒྱུ་ཡིན་རུང་། སྐབས་དེར་གྲོང་ཁྱེར་ཁྲན་ཏུང་ལ་སླེབས་ཏེ་ཁོང་གཉིས་རྒྱལ་གཅེས་དཔའ་བོ་གྲྭ་དོན་བཟང་དོན་འགྲུབ་ལགས་དང་ལྷན་དུ་མགྲོན་ཁང་ཞིག་ཏུ་བཞུགས་གནང་ཡོད་པར་ཤེས་རྟོགས་བྱུང་ཡོད་པ་རེད།

ཁོང་གཉིས་ཁྲན་ཏུང་ནས་ཐོན་པའི་ཉིན་རྗེས་མ་སྟེ་ཕྱི་ལོ་༢༠༠༢ལོའི་ཟླ་༤ཚེས་༧ཉིན་བློ་བཟང་དོན་འགྲུབ་ལགས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་པ་དང་། མ་ཚད་རོགས་པར་སུ་ཡོད་མེད་སོགས་མགྲོན་ཁང་གི་ལས་དོན་མི་སྣ་ཚོར་འདྲི་བཙད་བྱས་ཡོད་འདུག

དེ་རྗེས་རྒྱ་མི་ཉེན་རྟོག་པས་ཁོང་གཉིས་རྗེས་འདེད་ཀྱིས་བཙད་དཔྱོད་ནན་པོ་བྱས་ཡོད་འདུག་ཀྱང་འཛིན་བཟུང་བྱས་ཡོད་མེད་སོགས་ཀྱི་སྐོར་ནང་མི་ཉེ་འབྲེལ་ཚོས་གང་ཡང་ཤེས་རྟོགས་བྱུང་མེད་ལ། རྒྱ་གཞུང་གི་འབྲེལ་ཡོད་མི་སྣས་ཀྱང་དྲིལ་བསྒྲགས་སོགས་གང་ཡང་གསལ་བཤད་བྱས་མེད་པ་རེད།

མདོར་ན་ཁོང་གཉིས་བརླགས་ནས་མི་ལོ་བཅུ་ཕྲག་གཅིག་ལྷག་འགྲོ་བཞིན་ཡོད་པ་རེད། མི་ལོ་དེ་དག་གི་རིང་ཁོང་གཉིས་ཀྱི་ནང་མི་སྤུན་མཆེད་ཚོས་བོད་ཀྱི་ས་ཁུལ་མང་པོ་ཞིག་ལ་རྩད་འཚོལ་གནང་ཡོད་ཀྱང་བརྙེད་སོན་བྱུང་མེད་པ་རེད་འདུག དམིགས་བསལ་བསྟན་པ་རབ་རྒྱས་ལགས་དང་ཉེ་འབྲེལ་ཡིན་པ་རྒྱལ་མཚན་ལགས་ཉེ་དུས་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ་གང་ཐུབ་ཀྱིས་ཁོང་གཉིས་སྐོར་བཙད་དཔྱོད་གནང་ཡོད་རུང་ཁོང་གཉིས་གང་ཡོད་དང་གནས་སྟངས་ཇི་ཡིན་སྐོར་གང་ཡང་ཤེས་རྟོགས་བྱུང་མི་འདུག

ཨོ་ཐོག་ཎ་ལེནྡྲ་ཐེག་ཆེན་ཆོས་གླིང་ནི་རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་དམ་པ་ཁྲི་ཆེན་ངག་དབང་མཆོག་ལྡན་པས་གུར་དཀར་བོའི་དགོན་པ་བཅུ་གསུམ་ཕྱག་བཏབ་པའི་ཡ་གྱལ་ཏེ་ཨོ་ཐོག་བཀྲ་ཤིས་དར་རྒྱས་གླིང་ཞེས་སྙན་པའི་གྲགས་པ་འབར་ཞིང་། མདོ་ཁམས་ཕྱོགས་ཀྱི་མདོ་སྔགས་འཆད་ཉན་གྱི་ཆོས་སྡེ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་རུང་ཕྱིས་སུ་དུས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་འཕེལ་འགྲིབ་གྱི་དབང་གིས་གཏོར་བརླག་ཆེན་པོ་བྱུང་ཡོད་པ་རེད།

དུས་ཕྱིས་སུ་སླར་ཡང་བསྐྱར་བཞེངས་བྱས་ཏེ་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་པ་མཆོག་གིས་ཨོ་ཐོག་ན་ལེནྡྲ་ཐེག་ཆེན་ཆོས་གླིང་ཞེས་མཚན་གསར་དང་ཐམ་ཀ་གནང་བ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་གར་འཕགས་པའི་ཡུལ་ནས་ཕྱིར་ཕེབས་གནང་སྟེ་དགོན་པ་དེ་ཉམས་གསོ་རྒྱ་བསྐྱེད་གནང་བ་དང་དགོན་པའི་མདོ་སྔགས་གཉིས་ཀྱིས་གཙོས་བོད་མིའི་ཆོས་རིག་སློབ་གཉེར་སོགས་གང་ཅིའི་ཐད་ཡར་རྒྱས་ཕུལ་དུ་བྱུང་བ་བཏང་གནང་ཡོད་པ་རེད།

གསར་འགོད་པ་དོན་འགྲུབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
དགོན་པ་འདི་ནི་སི་ཁྲོན་ཞིང་ཆེན་དཀར་འཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་དུ་ཡོད་ཅིང་སྤྱི་ལོ༡༧༣༠ལོར་གུར་དཀར་བོའི་དགོན་པ་གསར་བཞེངས་དང་། ཉམས་ཆག་སོང་བའི་རྗེས་སུ་སླར་ཡང༡༩༧༧ལོའི་དབྱར་ཟླ་ར་བར་བསྐྱར་གསོ་འཛུགས་བསྐྲུན་བྱས་ཤིང་སྐབས་དེ་དུས་ཀྱི་བླ་གྲྭ་ཡོངས་རྡོག་རྩ་གཅིག་སྒྲིལ་གྱི་སྙིང་སྟོབས་ལས་བྱུང་བ་ཁོ་ན་ཡིན། ད་ལྟ་ཡང་བླ་སྤྲུལ་གྲྭ་བཙུན་ཐོབ་ཐང་འདྲ་མཉམ་གྱི་ལོ་རེའི་ལས་གནས་རེས་མོས་ངང་བཀོད་བཞག་གནང་གི་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།