choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱལ་གཅེས་དཔའ་བོ་གཉིས་ཀྱིས་སྐུ་ལུས་མེར་ཕུལ་ནས་གྲོངས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ ཕྱི་ཟླ་༤ ཚེས་༢༤ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་༦།༤༠ ཙམ་ལ་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཟླ་བ། རང་ལོ་༢༠ ཡིན་པ་ཁོང་དང་། གྲྭ་དཀོན་མཆོག་འོད་ཟེར། རང་ལོ་༢༣ ཡིན་པ་ཁོང་གཉིས་ཀྱིས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་འདུ་ཁང་འགྲམ་གྱི་གཡས་ཟུར་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་གདུག་རྩུབ་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་ནས་སྐུ་འདས་གྲོངས་སུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག

དེ་ཡང་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་རྒོལ་བའི་སྐུ་ལུས་མེར་སྲེག་ལས་འགུལ་གྱི་གནས་ཚུལ་དེ་བྱུང་མ་ཐག་ནས་ཁོང་གཉིས་ཀ་འདས་གྲོངས་སུ་གྱུར་འདུག་ཅེས་བཞུགས་སྒར་དུ་ཡོད་པའི་ཀིརྟི་དགོན་པའི་གྲྭ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་གཉིས་ནས་འདི་ག་གསར་ཁང་དུ་བཏང་བའི་གསར་འགྱུར་དུ་བཀོད་འདུག

སྟག་ཚང་མོ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཁོང་གཉིས་ཀྱི་སྐུ་ཕུང་གྲྭ་ཤག་སོ་སོར་གདན་འདྲེན་གྱིས་བསྔོ་བ་སྨོན་ལམ་གསུངས་གནང་ཡོད་པ་དང་། ཁོང་གཉིས་ཀྱི་སྐུ་ཕུང་སང་ཉིན་སྔ་དྲོ་ཞུགས་འབུལ་བྱེད་དགོས་ཚུལ་ས་གནས་རྒྱ་གཞུང་ནས་བརྡ་ལན་འབྱོར་ཚར་ཡོད་འདུག་ཅེས་མུ་མཐུད་བཀོད་འདུག

གྲྭ་བློ་བཟང་ཟླ་བ་ལགས་ནི་མཛོད་དགེ་རྫོང་གཟའ་རུ་ཡུལ་ཚོའི་གཟའ་རུ་འབྲོག་པ་སྨད་མ་ནས་ཡིན་ཞིང་། རང་ལོ་༦༢ ཡིན་པའི་ཕ་རྡོ་རྗེ་མཁའ་འགྲོ་བཟའ་ཟླ་གཉིས་ལ་བུ་བུ་མོ་བདུན་ཡོད་པའི་ནང་གི་ཆུང་ཤོས་ཡིན་འདུག་ལ། ཁོང་གི་ཨ་མ་གྲོངས་ཟིན་ཡོད་འདུག

གྲྭ་དཀོན་མཆོག་འོད་ཟེར་ལགས་ནི་མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོའི་ཀིརྟི་རྐ་ཆུ་ཁའི་ཚ་ཁོ་རུ་བའི་ཕ་ཚེ་རིང་ནོར་བུ་དང་། བསམ་འགྲུབ་སྒྲོལ་མ་གཉིས་ལ་བུ་གསུམ་ཡོད་པའི་འབྲིང་བ་དེ་ཡིན་པ་དང་།

ཁོང་གཉིས་ཆུང་ཆུང་སྐབས་ནས་སྟག་ཚང་ལྷ་མོ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་བློ་བཟང་ཟླ་བ་དེང་སྐབས་བསྡུས་ཆེན་འཛིན་གྲྭ་ཡིན་པ་དང་། དཀོན་མཆོག་འོད་ཟེར་རྒྱུད་པ་གྲྭ་ཚང་ཡིན་འདུག་ལ། ཁོང་གཉིས་རྒྱུན་དུ་ཀུན་སྤྱོད་དང་བསླབ་པ་སློབ་གཉེར་སོགས་མིག་དཔེར་འོས་པ་གཉིས་ཡིན་ལུགས་བཀོད་གནང་འདུག

སྟག་ཚང་ལྷ་མོ་ཀིརྟིའི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ནི་མཛོད་དགེ་རྫོང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ་༡༤༠ ལྷག་གི་སར་ཡོད་ལ། ཕྱི་ལོ་༡༧༤༨ ལོར་ཀིརྟི་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་ཕྱག་བཏབ་གནང་ཞིང་། དེང་སྐབས་མཚན་ཉིད་གྲྭ་ཚང་དང་། རྒྱུད་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་བཅས་གྲྭ་ཚང་བཞི་ལ། དགེ་འདུན་པ་ཞལ་གྲངས་༧༠༠ ལྷག་ཡོད་པ་རེད།།

ཤམ་བྷ་ལའི་ཕོ་ཉའི་གསར་འགོད་པ་ཡེ་ཤེས་ཆོས་བཟང་།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།