choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཆབ་ཆའི་སློབ་མ་ཁག་ཅིག་ལ་ཁྲིམས་ཐག་བཅད་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༤ཚེས་༡༧ཉིན། དེ་རིང་ཀྲུང་གོ་བོད་ཀྱི་དྲ་བ་ཟེར་བའི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། བོད་མདོ་སྨད་མཚོ་ལྷོ་ཁུལ་ཆབ་ཆ་གསོ་རིག་སློབ་གླིང་གི་སློབ་མ་ཁག་ཅིག་ལ་དུས་ཡུན་འདྲ་མིན་གྱི་ཁྲིམས་ཐག་བཅད་ཡོད་ལུགས་བསྒྲགས་འདུག

ཀྲུང་གོ་བོད་ཀྱི་དྲ་བ་ཟེར་བའི་ནང་༼ སྤྱི་ཟླ4བའི་ཚེས10ཉིན་གྱི་སྔ་དྲོའི་དུས་ཚོད10ཡི་སྟེང་།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མི་དམངས་ཁྲིམས་ཁང་གིས“11·26”མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་ལ་ལས་ཁྲིམས་འགལ་གྱིས་ཁྲོམ་སྐོར་བྱེད་པའི་གྱོན་དོན་ལ་འདྲི་གཅོད་བྱས།

ཞུ་སྦྱོར་ཕྱི་མ་བ8ཀྱིས་ནག་ཉེས་ཁས་བླངས་བའི་རྣམ་འགྱུར་དང་སྤྱི་ཚོགས་སྟེང་ལ་གནོད་པ་བཟོས་བའི་ཚད་ཐིག་ལྟར།  ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བ་སངས་རྒྱས་འབུམ་ལ་ལོ་4ཡི་དུས་བཀག་བཙོན་འཇུག་དང་།  ཀུན་བཟང་འབུམ་དང་ལྷ་བརྟན།  བྱམས་པ་ཚེ་རིང་བཅས་ལ་ལོ3དང་ཟླ6རིང་གི་དུས་བཀག་བཙོན་འཇུག  དབང་རྒྱལ་ཚེ་རིང་དང་ཆོས་སྐྱོང་སྐྱབས་ལ་ལོ3དང་ཟླ3རིང་གི་དུས་བཀག་བཙོན་འཇུག་བཅས་ཐག་གཅོད་བྱས། མཚོ་ལྷོ་ཁུལ་གྱི་ཁོངས་གཏོགས་སློབ་གྲྭ་ཁ་ཤས་དང་།  གུང་ཧོ་རྫོང་གི་ཁོངས་གཏོགས་སློབ་གྲྭའི་དགེ་སློབ་འཐུས་མི་དང་ཞུ་སྦྱོར་ཕྱི་མ་བའི་ཁྱིམ་བདག་སོགས་མི100ལྷག་ཐེངས་འདིའི་གྱོད་དོན་འདྲི་གཅོད་བྱེད་པར་ཞུགས།༽ཅེས་བཀོད་འདུག

སྤྱིར་དེ་སྔོན་ཕྱི་ལོ་༢༠༡༢ཟླ་༡༢ཚེས་༥ཉིན་མཚོ་ལྷོ་ཁུལ་ཆབ་ཆ་གསོ་རིག་སློབ་གླིང་གི་སློབ་མ་བཀྲ་ཤིས་ཀུན་བཟང་དང་། སངས་རྒྱས་དོན་གྲུབ། རྡོ་ལ་ཚེ་རིང་། བྱམས་པ་ཚེ་རིང་། དབང་འདུས་ཚེ་རིང་། རབ་བརྟན། ཆོས་སྐྱོང་། ཀུན་བཟང་འབུམ་བཅས་སློབ་མ་༨ལ་ལོ་༥རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ལུགས་ཤིག་ཀྱང་གསལ་ཡོད།

དེ་སྔོན་ཕྱི་ལོ་ ༢༠༡༢ ཟླ་༡༡པའི་ཚེས་༢༦ཉིན་བོད་མདོ་སྨད་ཆབ་ཆ་རུ། མཚོ་ལྷོ་ཁུལ་གསོ་རིག་སློབ་གྲྭའི་སློབ་མ་ཆིག་སྟོང་ལྷག་གིས། མི་རིགས་འདྲ་མཉམ། མི་རིགས་རང་དབང་། སྲིད་གཞུང་བསྐྱར་འཛུགས་ཀྱི་འབོད་ཚིག་བསྒྲགས་ཏེ། དུས་ཡུན་ཆུ་ཚོད་ ༢ ཙམ་རིང་མཚོ་ལྷོ་ཁུལ་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་ཆབ་ཆའི་ཁྲོམ་གཞུང་དུ་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱས།

སློབ་ཕྲུག་ཚོས་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱེད་སྐབས་ས་གནས་རྒྱ་གཞུང་གིས་དམག་མི་དང་དྲག་ཆས་ཉེན་རྟོག་པ་འབོར་ཆེན་བཏང་སྟེ། སློབ་ཕྲུག་ཚོར་གང་བྱུང་ཉེས་རྡུང་དྲག་པོ་བཏང་སྟེ་དྲག་གནོན་བྱས་ཡོད་པ་དང་། སློབ་ཕྲུག་ ༡༥༨ རྨས་སྐྱོན་ཆེན་པོ་ཕོག་སྟེ་སྨན་ཁང་དུ་བསྐྱལ་དགོས་བྱུང་བའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།