choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ཁམས་རྫ་ཆུ་ཁའི་གྲྭ་པ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༤ཚེས་༡༡ཉིན། ཟླ་འདིའི་ཕྱི་ཚེས་༨ཉིན་གྱི་བོད་ནང་གི་ཆུ་ཚོད་༣དང་ཕྱེད་ཀ་ཙམ་ལ།  ཁམས་རྫ་ཆུ་ཁའི་སེར་ཤུལ་རྫོང་ཐོག་ཏུ་མང་དགེ་དགོན་པའི་དགེ་འདུན་པ་ཐུབ་དགེ་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་སྐད་འབོད་བྱས་ཏེ་འཛིན་བཟུང་བྱས་འདུག

འཇིགས་བྲལ་བསྟན་འཛིན་ལགས་ཀྱིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༨ཉིན་གྱི་བོད་ནང་གི་ཆུ་ཚོད་༣དང་ཕྱེད་ཀ་ཙམ་ལ། བོད་མདོ་ཁམས་རྫ་ཆུ་ཁའི་སེར་ཤུལ་རྫོང་ཐོག་ཏུ་མང་དགེ་དགོན་པའི་དགེ་འདུན་པ་ཐུབ་དགེ་ཡིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། ཁོང་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག

བོད་ནས་ཐད་ཀར་འགྲེལ་བརྗོད་གནང་དོན་ལ། ད་ལན་དགེ་འདུན་པ་ཐུབ་དགེ་ཡིས་ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མང་དགེ་དགོན་པའི་དགེ་འདུན་པ་གསུམ་གྱིས་སྐད་འབོད་ལས་ཤུགས་ཆེ་ཙམ་བརྒྱབ་ཡོད་འདུག ཡིན་ནའང་༧རྒྱལ་བ་རིན་པོ་བོད་དུ་ཕེབས་འཇུག་དགོས་ཞེས་སྐད་འབོད་རྒྱག་སྐབས། རྒྱ་ནག་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བྱས་པར་བརྟེན། གཞན་སྐད་འབོད་གང་དང་གང་བརྒྱབ་ཡོད་མེད་གསལ་རྟོགས་བྱུང་མི་འདུག

དགེ་འདུན་པ་ཐུབ་དགེ་ནི་མང་དགེ་སྡེ་པའི་ཕ་མི་འགྱུར་གྱི་བུ་ཡིན་འདུག་པ་དང་། ད་ལྟ་མང་དགེ་དགོན་པའི་གྲྭ་པ་ཡིན་འདུག་ལ། ལོ་ཉི་ཤུ་ཡས་མས་འདྲ་བོ་ཞིག་ཡོད་འདུག
གསར་འགོད་པ་པདྨ་མཚོ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།