choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཆབ་སྲིད་བཙོན་པ་ཟླ་བ་རྒྱལ་མཚན་ལགས་གློད་བཀྲོལ་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།


ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༤ཚེས་༧ ཉིན། ཕྱི་ལོ་༢༠༡༣ཟླ་༤ཚེས་༦ཉིན། ནག་ཆུ་ཁུལ་ཤན་ཚ་རྫོང་ནས་ཡིན་པའི་ཆབ་སྲིད་བཙོན་པ་ཟླ་བ་རྒྱལ་མཚན་ལགས་བཙོན་ འཇུག་དུས་ཡུན་ལོ་༡༨མ་ཟིན་གོང་བཙོན་གྲོལ་བཏང་ཡོད་འདུག

གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གཞུང་གིས་ཆབ་སྲིད་ཀྱི་ཡིག་ཆ་འགྲེམས་སྤེལ་བྱས་པའི་ཉེས་མིང་འོག ཕྱི་ལོ་༡༩༩༦ལོར་ནག་ཆུ་ཁུལ་ཤན་ཚ་རྫོང་ས་གནས་དངུལ་ཁང་གི་རྩིས་པ་རང་ལོ་༤༧ཡིན་པ་ཟླ་བ་རྒྱལ་མཚན་ལགས་དང་། ཁོང་གི་ཕ་མ་གཅིག་གི་སྤུན་མཆེད་ནག་ཆུ་ཞབས་བརྟན་དགོན་གྱི་གྲྭ་ཉི་མ་དོན་འགྲུབ་ལགས། དེ་བཞིན་དགེ་འདུན་པ་མ་མཛོ་ལགས་དང་ཨ་རྒྱ་ལགས་བཅས་འཛིན་བཟུང་བྱས་ཏེ། ཉི་མ་དོན་འགྲུབ་ལགས་ལ་ལོ་༡༥དང་དགེ་འདུན་པ་གཉིས་ལ་ལོ་༨རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད།  ཟླ་བ་རྒྱལ་མཚན་ལགས་གཏེ་བོ་ཡིན་པའི་ཉེས་མིང་གཡོགས་ཏེ་མི་ལོ་༡༨གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་ཀྱང་། ཆུ་ཤུལ་བཙོན་ཁང་གསར་རྒྱག་བྱས་རྗེས་དེར་གནས་སྤོས་ཏེ་བཙོན་སྲུང་བས་ཁོང་ལ་དམིགས་བསལ་གྱིས་དམ་དྲག་བྱས་ཡོད་པ་མ་ཟད།  ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་སུ་ཟླ་བ་རྒྱལ་མཚན་ལགས་དང་སྒྲོལ་མ་སྐྱབས་ལགས། ཚེ་རིང་དབང་ཕྱུག་ལགས་སོགས་ཆབ་སྲིད་བཙོན་པ་ཁག་ཅིག་ཟླ་བ་༦ལྷག་གི་རིང་ལ་དམ་དྲག་ཁང་དུ་བཅུག་ཡོད་འདུག

ཟླ་སྔོན་མའི་ནང་དུ་ཁོང་བཙོན་ཁང་དུ་སྡོད་པའི་རིང་སྤྱོད་པ་ཡག་པོ་ཡོད་པར་བཤད་དེ་བཙོན་འཇུག་དུས་ཡུན་མ་ཟིན་གོང་གློ་བུར་དུ་གློད་བཀྲོལ་བཏང་ནས་ཕྱིར་ཕ་ཡུལ་དུ་འབྱོར་ཡོད་པ་དང་། ས་གནས་བོད་མི་ཚོས་ཁོང་བཙོན་ཁང་དུ་ཡོད་སྐབས་གཅར་རྡུང་མནར་གཅོད་ཚད་མེད་བཏང་རྐྱེན་རྐང་པ་ཡ་གཅིག་ནད་གཅོང་དུ་གྱུར་ཡོད་པ་དང་། ཉེ་ལམ་ན་ཚ་ཇེ་སྡུག་ཏུ་ཕྱིན་པར་བརྟེན་གློད་བཀྲོལ་བཏང་བར་ངོས་འཛིན་བྱེད་ཀྱི་ཡོད་ལ། ད་ལྟའི་ཆར་ཁོང་གི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་འདུག
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།