དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒན་གྱའི་འཇིགས་མེད་རྒྱ་མཚོ་ལགས་གྲོལ་བཀྲོལ་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༤ཚེས་༢ཉིན། ཕྱི་ཟླ་༣པའི་ཚེས་༣༠ཉིན། མི་ལོ་༡༧རིང་བཙོན་འཇུག་བྱས་པའི་རྒན་གྱའི་འཇིགས་མེད་རྒྱ་མཚོ་ལགས་གློད་བཀྲོལ་ཐོབ་སྟེ། ཕ་ཡུལ་བསང་ཆུ་རྫོང་རྒན་གྱ་རུ་འབྱོར་ཡོད་འདུག

འཇིགས་མེད་རྒྱ་མཚོ་ལགས་ཕྱི་ལོ་༡༩༩༦ལོར་བོད་ཀྱི་རྒྱལ་ས་ལྷ་ས་རུ་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། དང་ཐོག་གསང་བའི་བཀག་སྐྱིལ་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་ཀྱང་། ཕྱི་ལོ་༡༩༩༦ལོའི་ལོ་མཇུག་ཏུ་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་གསར་བརྗེ་ངོ་ལོག་ཚོགས་པའི་སྣེ་འཁྲིད་པ་ཡིན་པའི་ཉེས་མིང་འོག ཁོང་ལ་མི་ལོ་༡༥ཡི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་ལ། ཕྱི་ལོ་༢༠༠༤ལོར་བཙོན་ཁང་ནས་ཁོང་གིས་༧གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག་ཅེས་སྐད་འབོད་བྱས་པའི་ཉེས་མིང་འོག་ལོ་གཉིས་འཕར་འགྱངས་ཀྱིས་བཙོན་འཇུག་བྱས་ཏེ། ཁྱོན་མི་ལོ་༡༧རིང་བཙོན་ཁང་དུ་མནར་གཅོད་གང་མང་མྱངས་རྗེས།  འདི་ལོའི་ཕྱི་ཟླ་༣པའི་ཚེས་༣༠ཉིན། ཁོང་བཙོན་གྲོལ་ཐོབ་སྟེ་ཕ་ཡུལ་དུ་འབྱོར་ཡོད་འདུག

འཇིགས་མེད་རྒྱ་མཚོ་ལགས་ནི་ཕ་ཡུལ་མདོ་སྨད་བླ་བྲང་བསང་ཆུ་རྫོང་རྒན་གྱ་སྡེ་བ་ནས་ཡིན་ཞིང་། ཁོང་གི་ཁྱིམ་དུ་ཨ་མ་གཅིག་པུ་ལས་ཕ་དང་མིང་སྲིང་མེད་ལ།  ཁོང་བཙོན་ཁང་དུ་ཡོད་སྐབས་ཨ་མ་ཚེ་ལས་འདས་འདུག  ཁོང་ཕ་ཡུལ་དུ་ཡོད་སྐབས་རྒན་གྱ་བྲག་དཀར་དགོན་པའི་གྲྭ་བ་ཡིན་ལ།  ཕྱིས་སུ་རྒྱ་གར་དུའང་ཐེངས་གཉིས་གསུམ་ཙམ་ཡོང་མྱོང་ཡོད་པ་རེད།  རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱེད་སྐབས་ལྷ་སའི་དགའ་ལྡན་དགོན་པ་རུ་སློབ་གཉེར་གནང་བཞིན་ཡོད་འདུག

དེ་ཡང་དྷ་རམ་ས་ལར་ཡོད་པའི་བཙོན་ཁང་དུ་འཇིགས་མེད་རྒྱ་མཚོ་ལགས་དང་ཉལ་ཁང་གཅིག་པ་ཡིན་པའི་ཆབ་སྲིད་བཙོན་པ་གཉིས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། འཇིགས་མེད་རྒྱ་མཚོ་ལགས་ལ་རྒྱ་གཞུང་གིས་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་བའི་རྐྱེན་གྱིས། ལུས་སྨད་ཀྱི་དཔྱི་མགོ་གཅོང་ཅན་བཟོས་འདུག་པ་དང་མིག་གིས་ཡག་པོ་མི་མཐོང་ལ། མཁལ་མ་ཡང་ནད་པ་ཆགས་ཡོད་ལ། ཉེ་ལམ་ཁོང་དངོས་སུ་མཐོང་མཁན་ཚོས་ཀྱང་ཁོང་གི་སྐུ་གཟུགས་གནས་སྟངས་སྐྱོ་བོ་ཡིན་ལུགས་འགྲེལ་བརྗོད་གནང་འདུག
གསར་འགོད་པ་པདྨ་མཚོ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།