གསར་འགྱུར་གསར་པ།:
  • ཕྱི་ཚེས་༨ཉིན་པཱ་ཀི་སི་ཐན་ཁུལ་དུ་ཡོད་པའི་པཱ་ཇབ་གྱི་མངའ་སྡེ་ལ་ཧོ་རིས་ནང་རླངས་འཁོར་ཞིག་ནས་རང་སྲོག་བློས་བཏང་གི་གཏོར་རྒོལ་འོག་མི་༡༢བསད་ཡོད་པ་རེད།
    ༠༩༠༣༡༠
  • རྒྱལ་སྤྱིའི་བེུད་ཉིན་མོར་ལྕམ་ཧེ་ལ་རུ་ཁི་ལི་ཊོན་གྱིས་བེུད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་ནི་བུད་མེད་ཀྱི་ཐོབ་ཐང་ཡིན་ཞེས་གསུངས་ཡོད་པ་རེད།
    ༠༩༠༣༡༠
  • ཡོང་ལ་ཉེ་བའི་གསུམ་བཅུའི་དུས་དྲན་ལ་དམིགས་ནས་རྒྱ་གཞུང་གིས་བོད་ནང་དུ་དམ་དྲག་བྱེད་བཞིན་ཡོད་པ་རེད།
    ༡༨༠༢༡༠
  • རྒྱ་གར་བྱང་ཕྱོགས་ཨུ་ཊར་མངའ་སྡེའི་ནང་ཧིན་དྷུའི་ལྷ་ཁང་ཞིག་གི་སྒོ་ཆེན་བརྡིབས་སྐྱོན་གྱིས་མི་༦༠འཆི་སྐྱོན་བྱུང་ཡོད་འདུག
    ༡༡༠༡༡༠
  • ཨ་རིས་དབྱི་རན་གྱི་རྡུལ་ཕྲན་གནད་དོན་ཐད་དམག་གི་སྟོབས་ཤུགས་སྤེལ་རྒྱུ་མིན་ཟེར།
    ༡༡༠༡༡༠
  • ཐའེ་ལན་ཌིའི་གཞུང་ཚབ་ཀྱིས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཐོངས་ཆེན་སྤྲད་ཡོད་མི་འདུག
    ༢༩༡༠༠༩

ཉེ་དུས་གསར་འགྱུར།

༢༠༡༡ལོའི་བཀའ་ཁྲི།?

མི་མང་གི་ཆེད་དུ། མི་མང་ནས་བསྐོས། མི་མང་གི་རང་དབང༌། མང་གཙོ།













གྲུབ་འབྲས།

ཞལ་འདེབས་གནང་ས།

བལ་བོད་ས་མཚམས་ཀྱི་ལམ་པ་བསོད་ནམས་ལགས།

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཕྱི་ལོ༢༠༠༩ལོའི་ཟླ་༦པའི་ཚེས་༢༩ཉིན་སྤེལ། བོད་མི་བསོད་ནམས་ལགས་ནི་བལ་བོད་ས་མཚམས་སུ་མི་ལྐོག་ཁྲིད་བྱེད་མཁན་གྱི་ལམ་ཁྲིད་པ་ཞིག་ཡིན་ཞིང༌། ཁོས་དེ་སྔར་གྲྭ་བ་བཞི་ལམ་གླ་སྐར་གཅིག་ཀྱང་མེད་པའི་ཐོག་བལ་ཡུལ་ནས་བོད་ནང་དུ་ཁྲིད་མྱོང་ཡོད་འདུག

སྔར་ལོའི་ཞི་རྒོལ་ཆེན་མོའི་དུས་སུ། བོད་ཀྱི་རྒྱལ་ས་ལྷ་སའི་སྲང་ལམ་ཀུན་ཏུ་རྒྱ་རྒོལ་གྱི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་པར་རྒྱ་ནག་གཞུང་གིས་བོད་མི་ཞི་རྒོལ་བ་ཚོ་གསོད་རྡུང་འཇུ་གསུམ་སོགས་ཀྱི་དྲག་གནོན་ཡ་ང་བྱས་ཏེ། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་གསུང་བ་ལྟར་གྱི་བོད་དེ་དམྱལ་བ་མི་ཡུལ་དུ་མྱོང་བ་ལྟ་བུ་ཞིག་ཏུ་བཟོས་ཡོད་འདུག དེ་ཡང་བསོད་ནམས་ལགས་ཀྱིས་སྔར་ལོའི་ཟླ་༣པའི་ཚེས༡༡ཉིན། རྒྱ་རྒོལ་གྱི་ཞི་བའི་ལས་འགུལ་ནང་ཞུགས་ཏེ་ངོ་རྒོལ་སྐད་འབོད་བྱས་སྟབས། རྒྱ་ནག་གཞུང་གི་ཉེན་རྟོག་དམག་མིས་ཁོ་འཇུ་བཟུང་བཀག་ཉར་བྱས་ཡོད་ཀྱང༌། ཁོའི་གྲོགས་པོ་དག་གི་རོགས་འདེགས་དང་ཁག་ཁུར་འོག་ཁོ་བཙོན་ཁང་དུ་སྡོད་དགོས་མ་བྱུང་བར་བཙོན་གྲོལ་ཐོབ་ཡོད་འདུག

ནམ་རྒྱུན་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་མཁན་གྱི་ལོ་རེའི་བོད་མིའི་གྲངས་འབོར་ནི་༢༠༠༠ནས་༣༠༠༠བར་རོལ་ཡིན་མོད། སྔར་ལོའི་ཞི་རྒོལ་ཆེན་མོའི་རྗེས་སུ་རྒྱ་ཕྱོགས་ཀྱིས་བལ་བོད་མཐའ་སྲུང་དམ་དྲག་ནན་མོ་བྱེད་འགོ་ཚུགས་རྐྱེན་བོད་མི་བྲོས་བྱོལ་བའི་གྲངས་འབོར་དེ་ལྡབ་འགྱུར་གྱིས་མར་འཕྲི་ཡོད་འདུག

བསོད་ནམས་ལགས་ཀྱིས་བརྗོད་པ་ལྟར་ན། བལ་བོད་ས་མཚམས་ཁུལ་དུ་ལམ་ཁྲིད་མཁན་གྱི་ལམ་པ་ཚོས་དེ་སྔ་ཐེངས་རེར་མི་༢༠ནས་༣༠ཁྲིད་ཀྱིན་ཡོད་མོད། སྔར་ལོའི་ཞི་རྒོལ་ཆེན་མོའི་རྗེས་སུ་བོད་ནང་གི་གནས་བབས་ཛ་དྲག་དང་དཀའ་ཉེན་ཅན་དུ་གྱུར་སྟབས། ངས་མི་བཞི་མ་གཏོགས་ཁྲིད་འགྲོ་མ་ཐུབ། ཅེས་ཟེར།

ཁོས་མུ་མཐུད་དུ་བརྗོད་དོན། ལྷ་ས་རུ་སྔར་ལོའི་ཞི་རྒོལ་ནང་མཉམ་ཞུགས་བྱེད་མཁན་གྱི་ངའི་གྲོགས་པོ་མང་པོ་ཞིག་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་ཐབས་བྲལ་ཏེ་བོད་ནང་དུ་ལྷག་ལུས་བྱུང་ཡོད་ཅིང༌། ད་ལྟའི་བོད་ནང་གི་གནས་བབས་ཧ་ཅང་ཛ་དྲག་ཡིན་པས། ང་ཁོ་ཚོ་ལམ་ཁྲིད་དུ་འགྲོ་བར་སྐྲག་སྣང་ཆེ། ཞེས་འདི་ག་གསར་ཁང་གི་གསར་འགོད་པར་འགྲེལ་བརྗོད་གནང་སོང༌།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
མི་རྩ་ཉར་དགོས།
1 ༢༢༢༠༠༩༡༥༥༢
རྣམ་ཤེས་འཁྱམ
མི་རྩ་ཡོད་ན་རང་དབང་ཐོབ་ངེས་ཡིན།