choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ཀན་ལྷོ་ཁུལ་སྤྱི་བདེ་ལས་ཁུངས་ཀྱི་ཡོངས་ཁྱབ་བརྡ་སྦྱོར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢༩ཉིན། ཉེ་ལམ་ཀན་ལྷོ་ཁུལ་སྤྱི་བདེ་ལས་ཁུངས་ཀྱིས་དོགས་ཡོད་མི་སྣ་ཞེས་པ་རྩིས་སྤྲོད་བྱས་ན། རྩིས་སྤྲོད་པའི་ཐོབ་ཐང་དང་བདེ་འཇགས་སྲུང་སྐྱོབ་བྱེད་པ་མ་ཟད། རྒྱ་སྒོར་༥༠༠༠གི་བྱ་དགའ་སྤྲོད་རྒྱུ་ཡིན་པའི་ཡོངས་ཁྱབ་བརྡ་སྦྱོར་སྤེལ་འདུག

བརྡ་སྦྱོར་ནང་དུ།  རང་ཁུལ་གྱིས་སྤྱི་ཚོགས་ཆབ་སྲིད་བརྟན་བརླིང་སྲུང་འཛིན་དང་མགྱོགས་མྱུར་གྱིས་འཆམ་མཐུན་ཀན་ལྷོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པ། དཔལ་འབྱོར་དང་མ་རྩ་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་འཛུགས་སྐྲུན་བྱེད་པ། ཀན་ལྷོའི་སྤྱི་ཚོགས་བརྟན་བརླིང་ལ་གནོད་འཚེ་གཏོང་མཁན་གྱི་ཁྲིམས་འགལ་ནག་ཉེས་ཅན་ལ་དོགས་ཟོན་དང་རྡུང་རྡེག་བྱེད་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཧུར་ཐག་གིས་ནག་ཉེས་ཅན་དག་གི་ཉེས་མཚང་ཐེར་འདོན་བྱེད་པར་སྐུལ་འདེད་བྱེད་པ་བཅས་ཀྱི་ཆེད་དུ། བརྟན་སྲུང་བཀོད་འདོམས་སྡེ་ཁག་གིས་ཆོག་མཆན་ཐོབ་པ་བརྒྱུད། ཆེད་དུ་བརྡ་སྦྱོར་བྱས་པ་གཤམ་གསལ་ལྟར།

གཅིག རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོན་འཚེ་དང་སྤྱི་ཚོགས་བརྟན་བརླང་ལ་དཀྲོག་རྐྱེན་བཟོ་མཁན། མི་རིགས་མཐུན་སྒྲིལ་གཏོར་བརླག་གཏོང་མཁན་རྣམས་ཐེར་འདོན་བྱེད་ཆེད་གཤམ་གྱི་བྱ་སྤྱོད་དག་ནི་སྤྱི་བདེ་ལས་ཁུངས་ཀྱིས་རྡུང་རྡེག་དྲག་པོ་གཏོང་ཡུལ་ཡིན།

༡ མི་རིགས་འབྲེལ་བ་དཀྲོལ་རྐྱེན་བཟོ་བ་དང་མི་རིགས་ཟིང་ཆ་སློང་བ། མི་རིགས་སོ་སོའི་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་འགྱུར་ལ་གཏོར་བརླག་གཏོང་བ།

༢ མང་ཚོགས་ལ་རྒྱལ་ཁབ་ཁ་ཐོར་གཏོང་བའི་ངན་སྐུལ་སླུ་བྲིད་དང་འཁྲུག་རྐྱེན་སློང་བ། སྐད་ཆ་དང་ཡིག་རིགས། རི་མོ། བཟོ་སྐྲུན། གློག་བརྙན་སོགས་ལ་བརྟེན་ནས་སྤྱི་ཚོགས་སྒྲིག་གཞི་ལ་གཏོར་བརླག་དང་སྤྱི་ཚོགས་བརྟན་བརླིང་ལ་གནོད་སྐྱོན་གཏོང་བའི་བྱ་སྤྱོད།

༣ ཁྲིམས་དང་མི་མཐུན་པའི་རྩ་འཛུགས་ལ་ཞུགས་པ་དང་ཁྲིམས་དང་མི་མཐུན་པའི་རྩ་འཛུགས་ལ་མཛུབ་སྟོན་དང་། རྒྱུ་དངོས་རོགས་རམ་གནང་བ་བཅས་བརྒྱུད་ནས་རྒྱལ་ཁབ་གྱི་བདེ་འཇགས་ལ་གནོད་འཚེ་དང་། སྤྱི་ཚོགས་བརྟན་བརླིང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད།

༤ འབྲེལ་མཐུད་དྲ་རྒྱ་བརྒྱུད་ནས་དཀྲོག་གཏམ་བཟོ་བ་དང་། གནོད་ལྡན་གྱི་ཆ་འཕྲིན་ཁྱབ་བསྒྲགས་སྒྲོག་སྤེལ་བྱེད་པ། འབྲེལ་མཐུད་དྲ་རྒྱའམ་ཁ་པར་བརྡ་འཕྲིན་བརྒྱུད་ནས་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད། གཞན་ད་དུང་སྤྱི་ཚོགས་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཁྲིམས་དང་མི་མཐུན་པའི་ཉེས་དོན་ཚབས་ཆེན།

༥ ངན་ཇུས་བྱས་ནས་རྡུང་བཅོམ་འཕྲོག་བསྲེགས་སོགས་བཙན་ཤེད་ཀྱིས་སྤྱི་ཚོགས་བདེ་འཇགས་ལ་གནོད་སྐྱེལ་བ་བཅས་ནི་ཁྲིམས་འགལ་སྤྱོད་ལམ་ཡིན།

གཉིས། རྒྱ་ཆེའི་མི་དམངས་མང་ཚོགས་ཁྲོད་གོང་སྨྲོས་ཁྲིམས་འགལ་གྱི་བྱ་སྤྱོད་ལྡན་པའི་མི་སྣ་སྤྱི་བདེ་ཁང་ལ་ཡར་ཞུ་དང་ཁུངས་སྣེ་འདོན་སྤྲོད་བྱེད་མཁན་ཡོད་ན། སྤྱི་བདེ་ལས་ཁུངས་ཀྱིས་མི་ལུས་བདེ་སྲུང་དང་མི་ལུས་ཐོབ་ཐང་ལ་གསང་བ་དམ་སྲུང་བྱེད་པ་མ་ཟད། ཡར་ཞུ་བྱེད་མཁན་ལ་སྒོར་༥༠༠༠གི་བྱ་དགའ་སྟེར་ངེས་ཡིན།
གསུམ།
བརྡ་ཁྱབ་འདི་ཡོངས་བསྒྲགས་བྱས་པའི་ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན། ཡར་ཞུ་ཁ་པར་ཨང་གྲངས། ༠༩༤༡ ༦༦༩༦༢༧༡, ༦༦༩༦༢༧༢ཡིན་ཞེས་འཁོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།