choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བསྙོན་འཛུགས་ཀྱིས་འཛིན་བཟུང་བཀག་ཉར་བྱེད་བཞིན་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢༧ཉིན། མདོ་སྟོད་སྨད་ཁུལ་དུ་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་རིམ་པར་བྱུང་རྗེས། རྒྱ་གཞུང་གིས་ཉེས་མིང་སྣ་ཚོགས་བཏགས་ནས་བོད་མི་མང་པོ་འཛིན་བཟུང་བཀག་ཉར་བྱེད་བཞིན་འདུག

གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། ཉེ་ལམ་ཁམས་ཉག་རོང་དུ་བོད་མི་མང་པོས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་དང་སྦྱར་ཡིག་གཏོར་འགྲེམས་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་ཞི་རྒོལ་བ་འཛིན་བཟུང་བྱས་མེད་ཀྱང་། ཟླ་འདིའི་ཚེས་༢༡ ཉིན་ནས་བཟུང་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་པའི་ཉེས་མིང་བཏགས་ཏེ། ཉིན་དེའི་དགོང་མོ་ཁམས་ཉག་རོང་འཕེལ་ཚ་འོད་ཕུང་དགོན་གྱི་གྲྭ་པ་གཉིས་དང་མི་སྐྱ་གཉིས་འཛིན་བཟུང་བྱས་པ་དང་། དེ་བཞིན་ཚེས་༢༣ ཉིན་གྱི་དགོང་མོར་གྲྭ་བཀྲ་ཤིས་འོད་ཟེར་དང་མི་སྐྱ་བསོད་དགའ་ཟེར་བ་ གཉིས་འཛིན་བཟུང་བྱས་ཡོད་པ་དང་། ཡང་ཚེ་༢༤ ཉིན་གྲྭ་བསྟན་འཛིན་ཕུན་ཚོགས་དང་མི་སྐྱ་གཅིག་འཛིན་བཟུང་བྱས་པ་དང། སྐབས་དེར་གྲྭ་འོད་གསལ་ལགས་འཛིན་རྩིས་བྱས་ཡོད་ཀྱང་ཁོང་བྲོས་ཕྱིན་ཡོད་འདུག
ཉིན་དེར་ཉ་ངོ་ཞེས་པའི་གྲོང་ཚོ་ནས་དོན་གྲུབ་ནོར་བུ་ལགས་འཛིན་བཟུང་བྱས་འདུག ད་ལྟའི་ཆར་ ཁོང་ཚོའི་གནས་སྟངས་ཅི་ཡང་ཤེས་རྟོགས་བྱུང་མི་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་མཚོ་སྔོན་མཚོ་ལྷོ་འབའ་རྫོང་ས་གནས་སྲིད་གཞུང་གི་མདུན་དུ་ས་གནས་སེར་སྐྱ་མི་མང་གིས་ཞི་བའི་ངོ་རྒོལ་གྱི་འགུལ་སྤེལ་བར་རྐྱེན་བྱས་ཏེ། འབའ་ཤིང་ཁྲི་དགོན་པའི་གྲྭ་བ་ ༥༠ ཙམ་འཛིན་བཟུང་བྱས་ཡོད་པ་མ་ཟད། ཉིན་དེའི་ཕྱི་དྲོ་བོད་མི་ཚོས་གྲྭ་བ་རྣམས་ཀློད་གྲོལ་གཏོང་དགོས་ཞེས་ངོ་རྒོལ་སྐད་འབོད་བྱས་པར་བརྟེན།  རང་ལོ་༢༠ཡིན་པའི་བོད་མི་དུས་འཁོར་ཟེར་བ་ཞིག་བཅས་བོད་མི་བདུན་འཛིན་བཟུང་གིས་ད་ལྟ་འབའ་རྫོང་གི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་༡༩ཉིན་གྱི་ཞོགས་པ་བོད་ནང་གི་ཆུ་ཚོད་ ༦ ཙམ་ལ། བོད་མདོ་སྨད་ཕྱོགས་སུ་སྐད་གྲགས་ཡོད་པའི་ན་གཞོན་རྡུང་ལེན་པ་རྡོ་རྗེ་ཚེ་བྷེ་ལགས་ལ་ངོ་རྒོལ་ལས་འགུལ་མགོ་ཁྲིད་བྱས་ཡོད་པའི་ཉེས་མིང་བཏགས་ཏེ། འབའ་རྫོང་དྲག་ཆས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་མ་ཟད།  བོད་མིས་ཞི་རྒོལ་སྐབས་རྒྱ་དམག་གིས་འབར་རྫས་གཡུགས་ཏེ་ཁོང་གི་བཟའ་ཟླ་དང་བུ་ཕྲུག་སོགས་བོད་མི་མང་པོར་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་འདུག

གཞན་ཡང་། འདི་ལོའི་ཕྱི་ཟླ་ ༢ པའི་ཟླ་དཀྱིལ་དུ་ཁམས་ནང་ཆེན་རྫོང་གི་གླུ་བ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་འགྲེམས་སྤེལ་བྱས་པའི་ཆེད་བསྒྲིགས་གླུ་གཞས་༼སྙིང་ཁྲག་གི་བཞུར་རྒྱུན༽ཞེས་པའི་ནང་དུ་༧གོང་ས་མཆོག་དང་༧དཔལ་རྒྱལ་བ་ཀརྨ་པ། བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་བཅས་ལ་བསྟོད་གླུ་སོགས། ཆབ་སྲིད་དང་འབྲེལ་བའི་གླུ་གཞས་བཏང་ཡོད་པའི་ཉེས་མིང་བཙུགས་ཏེ་འཛིན་བཟུང་བྱས་ནས་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།