ཁམས་ནག་ཤོད་འབྲི་རུ་རྫོང་ཁོངས་ནས་བོད་མི་ལྔ་འཛིན་བཟུང༌བྱས་པ།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༢༠ཉིན། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ཟླའི་ཚེས་ ༩ ཉིན་བོད་དོན་ལས་འགུལ་སྤེལ་རྒྱུའི་ཉེས་མིང་འོག་བོད་མི་གཉིས་དང་ཚེས་ ༡༠ ཉིན་བོད་མི་གཅིག ཚེས་ ༡༤ ཉིན་བོད་མི་གཉིས་བཅས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

དེ་ཡང་ཟླ་ ༣ ཚེས་ ༩ ཉིན་བོད་མི་འཛོམས་ལྷ་དཀར་གྱིས་གཙོས་བློ་ཁ་མཐུན་པའི་མི་སྣ་མང་པོ་ཞིག་ནག་ཆུ་ཁུལ་ཐོག་ཏུ་ཡོད་པའི་( 2706 )བསོད་ནམས་ཞིང་བོད་ལུགས་གསོལ་ཚིགས་ཁང་( 2706 )ཞེས་པར་འཛོམས་ནས། རྒྱ་དམར་སྲིད་གཞུང་གིས་དམྱལ་བ་མི་ཡུལ་ལ་འཕོས་པ་ལྟ་བུའི་གསོད་རྡུང་མནར་གཅོད་ སོགས་བྱས་ནས་མི་ལོ་ཧྲིལ་པོ་ ༥༣ དྲན་གསོའི་ཉིན་མོར་ཞི་རྒོལ་བྱེད་འཆར་དང༌། འབོད་ཚིག་ནང་བོད་ལ་རང་དབང་དགོས་པ། ྋརྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་འཇུག་དགོས་པ། དགོན་པ་སྒོ་བརྒྱབ་པ་རྣམས་ཕྱེ་དགོས་པ། དགེ་འདུན་པ་རྣམས་ལ་སློབ་གཉེར་གྱི་རང་དབང་སྤྲོད་དགོས་པ། འགྲོ་བ་མིའི་ཐོབ་ཐང་དགོས་པ་སོགས་ཀྱི་སྐད་འབོད་བྱ་རྒྱུའི་འཆར་གཞི་བཏིངས་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན། བློ་ཕམ་དགོས་པ་ཞིག་ལ་གནས་ཚུལ་དེ་དག་རྒྱ་དམར་གསང་བའི་ཉེན་རྟོག་པས་ལས་འགུལ་སྤེལ་འཆར་དེ་སྔ་ཉིན་ནས་ཤེས་རྟོགས་བྱུང་སྟེ། ཟླ་ཐང་ཤང་ནས་ཡིན་པ་ཀརྨ་ཐར་ལམ་དང༌།  རྩ་ལ་ཤང་ནས་ཡིན་པ་སྲིད་དགའ་གཉིས་ཕྱི་ཚེས་ ༩ མཚན་མོ་ཆུ་ཚོད་ ༣ པའི་ཐོག་འཛིན་བཟུང་བྱས་པ་དང༌། ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་༨ པ་ཙམ་ལ་འཛོམས་ལྷ་དཀར་ཡང་འཛིན་བཟུང་བྱས་འདུག

དེ་བཞིན་ཕྱི་ཚེས་ ༡༤ ཉིན་ཟླ་ཐང་ཤང་ནས་ཡིན་པ་འབྲུག་གྲགས་དང༌། ཆགས་ཟེ་ཤང་ནས་ཡིན་པ་ཚེ་མགོན་གཉིས་གནས་ཚུལ་དེས་རྐྱེན་པས་འཛིན་བཟུང་བྱས་འདུག ད་ལྟ་ཁོང་ཚོ་བཙོན་ཁང་གང་དུ་ཡོད་མེད་དང༌། འཆི་གསོན་གང་བྱུང་གི་གནས་ཚུལ་སོགས་གསལ་པོ་ཤེས་རྟོག་ཐུབ་ཀྱི་མེད་པའི་འགྲེལ་བརྗོད་གནང་འདུག ཀརྨ་ཐར་ལམ་དང༌། འཛོམས་ལྷ་དཀར་ནི་ཁམས་ནགས་ཤོད་འབྲི་རུ་རྫོང་ཟླ་ཐང་ཤང་ནས་ཡིན་པ་དང༌།  སྲིད་དགའ་ནི་རྩ་ལ་ཤང་ནས་ཡིན་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (1)
དྲ་གྲོགས་ཡོངས་ལ་ཞུ་རྒྱུར། བཀའ་ཁྲི་ཟམ་གདོང་མཆོག་གིས་བཀའ་བློན་ཁྲི་པའི་སྐབས་དམིགས་གསལ་བོད་གྱི་རྩ་དོན་ལ་སྨིན་པའི་ཕྱག་ལས་གལ་ཆེན་ཁག་གང་དང་གང་ཡིན། ལན་ཡོད་པར་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།