choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


དགེ་འདུན་པ་༥༠འཛིན་བཟུང་བཙན་ཁྲིད་བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༡༨ཉིན། མཚོ་ལྷོ་ཁུལ་དང་མཚོ་སྔོན་ཞིང་ཆེན་ཆབ་ཆ་ཁུལ་དུ་བོད་མི་ཚོས་རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱས་པར་བརྟེན་སློབ་མ་དང་དགེ་འདུན་པ་༥༠ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༧ཉིན་གྱི་བོད་ནང་གི་ཆུ་ཚོད་༤ཙམ་ལ། མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭའི་སློབ་མ་རྣམས་ཀྱིས ༼ སྐད་ཡིག་འདྲ་མཉམ། མི་རིགས་འདྲ་མཉམ ༽ ཞེས་རྔམ་སྟོན་ཁྲོམ་སྐོར་བྱས་པར་བརྟེན། དྲག་ཆས་ཉེན་རྟོག་པ་དང་དམག་མི་འབོར་ཆེན་ཡོང་ནས་སློབ་མ་ཁ་ཤས་འཛིན་བཟུང་སོགས་བྱས་ཡོད་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག

གཞན་ཡང་། ཟླ་འདིའི་ཚེས་༡༥ ཉིན་ཆབ་ཆ་ཁུལ་འབའ་རྫོང་ཤིང་ཁྲི་དགོན་པའི་དགེ་འདུན་པ་༥༠ ཙམ་གྱིས། བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་ཞེས་སྐད་འབོད་ཁྲོམ་སྐོར་གནང་པར།  རྫོང་དཔོན་དང་དགོན་པའི་མཁན་པོ་སོགས་ཡོང་ནས་ངོ་རྒོལ་ལས་འགུལ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཏེ་ལས་འགུལ་མཚམས་འཇོག་གནང་ཡོད་ཀྱང་།

ཕྱི་ཚེས་༡༦ ཉིན་རྒྱ་གཞུང་གི་ཉེན་རྟོག་པ་ཤིང་ཁྲི་དགོན་དུ་ཡོང་ནས་དགེ་འདུན་པ་༥༠་ཙམ་འཛིན་བཟུང་བཙན་ཁྲིད་བྱས་པར་བརྟེན།  ས་གནས་བོད་མི་མང་པོ་རྫོང་མི་དམངས་ཁྲིམས་ཁང་གི་སྒོར་འདུ་འཛོམས་ཀྱིས་གྲྭ་པ་རྣམས་གློད་གྲོལ་དགོས་པའི་རེ་འདུན་བཏོན་ཡོད་པ་མ་ཟད། གློད་གྲོལ་མ་བཏང་ན་ཡར་ལངས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༠༢༠༡༢༠༨༥༡
ངོ་མ་སེམས་སྡུག་བོད་མི་ཚོས་ཉི་རེ་བཞིན་སྐད་འབོད་བྱེད་པ་དང་ཉི་རེ་བཞིན་རང་ལུས་མེ་བསྲེ་སློབས་ཕྲུག་སྐད་ཡིག་རང་དབང་ཆེད་ལས་འགུལ་བཅས་ལ་ལྟ་ན་འོ་ཅག་བོད་མི་སྙིང་སྟོབས་ལ་གུང་ཕྲན་གདུག་རྩུབ་ཅན་གཞུང་ངན་དེ་ངོ་མ་ཧ་ལས་ཡོད་ཚོད་ཡིན་གུང་ཕྲན་སྙིང་རྗི་ད་ནི་ཁོ་ཚོས་བོད་མི་སེམས་ཁམས་དབང་དུ་ནམས་ཡང་བསྡུས་ཐོབ་མེད་པ་ཧ་ཧ་



བརྗོད་གཞི་གཞན་ཁག་ལ་གཟིགས།