choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


དགེ་འདུན་པ་མཁས་གྲུབ་རྡོ་རྗེ་ལགས་ཀྱིས་ཞི་རྒོལ་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༡༣ཉིན། བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༣ པའི་ཚེས་ ༧ ཉིན། རྫ་བསམ་གྲུབ་དགོན་པའི་དགེ་འདུན་པ་མཁས་གྲུབ་རྡོ་རྗེ་ལགས་ཀྱིས་དཀར་མཛེས་རྫོང་གི་ཁྲོམ་གཞུང་ཟ་ཁང་ཆེན་པོ་ཞིག་གི་ཉེ་འགྲམ་མི་དམངས་འདུ་འཛོམས་ཆེ་སར་དཔའ་ངར་ཞུམ་མེད་ཀྱིས་ཞི་བའི་ངོ་རྒོལ་བྱས་སྟབས། ཉེན་རྟོག་པས་ཁྲོམ་གཞུང་ནས་གཅར་རྡུང་ཚད་ལས་བརྒལ་བ་བཏང་ཡོད་པ་མ་ཟད། ཤི་མིན་གསོན་མིན་འོག་ནས་འཛིན་བཟུང་བཙོན་འཇུག་བྱས་ཏེ་ད་ལྟའི་ཆར་གནས་སྟངས་ཇི་ཡིན་ཤེས་རྟོགས་མེད་པར་གྱུར་འདུག

 

རང་ལོ་ ༣༨ ཙམ་ཡིན་པ་མཁས་གྲུབ་རྡོ་རྗེ་ལགས་ནི། དཀར་མཛེས་རྫོང༌། རྫ་ཁོག་ཤང༌། ཧེ་ན་གྲོང་ཕ་རིན་རྡོ་དང༌། མ་བྱམས་པ་མཁའ་འགྲོ་གཉིས་ཀྱི་བུ་ཡིན་པ་དང༌། ཕྱི་ལོ་ ༡༩༩༥ ཡས་མས་སུ་བཙན་བྱོལ་དུ་ཡོང་སྟེ། ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་དུ་སློབ་སྦྱོང་ཚུལ་བཞིན་དང་མཐུན་པ་གནང་སྟེ་བཞུགས་ས་ཆུ་སོགས་མ་འཕྲོད་པར་བརྟེན་ཕྱིར་ཕ་ཡུལ་དུ་ལོག་དགོས་བྱུང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
བོད་སྐད་ཡི་ནི་སྐད་རིགས་བཞན་གྱི་སྤུ་གྲིས་ཉག་མ་རེརེ་བཞིན་བཅད་དེ་སྲིག་རྒྱན་གྱི་མིང་ཙམ་དུ་ལྷག་མེ་གྱུར་ མེས་པོ་དམ་པ་རྣམས་ཀྱིས་ངལ་བ་བརྒྱ་ཕྲག་ལས་གྲུབ་པའི་ཡར་རབ་གོམས་གཤིས་ནི་དུས་རབ་ས་ཉེར་ཅིག་པས་ངན་སྤྱོད་རྦ་རླབས་འོག་ཏུ་གནར་ཏེ་མིག་མདུན་ཏུ་ཡལ་བཞིན་མཆིས་མི་རིགས་ཤ་ཞིན་དང་མི་པོ་རྗིས་དྲནདང་དཔའ་ངར་ལྡན་པའི་ཕོ་རྒོད་རྣམས་གུང་ཕྲན་མེ་འདའ་ཁ་འོག་ཏུ་རེ་རེ་བཞིན་འདས་གྲོང་ཕྱིན་སྟེ་ཤུལ་ལུས་ཀྱི་ཁྲག་རྗེན་དམར་པོ་ང་ཚོ་མིག་ལམ་དུ་མངོས་སུམ་གྱུར་ཡོད་མཉམ་འབྲེལ་རྒྱལ་ཚོགས་འགོ་འཛིན་ལྷན་རྒྱས་རྣམས་ནི་གཉིད་ལམ་དུ་གནས་ཏེ་ང་ཚོས་རྣ་ལམ་བསྒྲགས་པ་ནི་གཉིད་གཏམ་གྱི་ངོ་བོར་ལས་མ་འདས་པ་ཞིག་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།