དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


གྲྭ་དགེ་པེ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༡༣ཉིན། གསུམ་བཅུའི་དུས་དྲན་གྱི་ཉིན་མོར། བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༥ཙམ་ལ་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་སྡེ་བ་ནས་ཡིན་པ་རྔ་པ་ཀིརྟི་དགོན་གྱི་གྲྭ་རང་ལོ་༡༨ཡིན་པ་དགེ་པེ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་སྐུ་གྲོངས་འདུག

བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥ ཙམ་ལ། རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་སྡེ་བ་ནས་ཡིན་པ་རྔ་པ་ཀིརྟི་དགོན་གྱི་གྲྭ་རང་ལོ་༡༨ཡིན་པ། ཕ་མིང་ལ་ཕྱག་རྡོར་དང་མ་མིང་ལ་ཆཱ་ཁོ་ཡིན་པ་ཁོང་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག

དགེ་པེ་ལགས་ཀྱིས་ཕྱི་ལོ་ ༡༩༥༠ ཙམ་ལ་རྒྱ་ནག་གི་བཅིངས་གྲོལ་དམག་ཟེར་བ་ཐོག་མར་རྔ་པ་རུ་བསླེབས་ཏེ་དམག་སྒར་བརྒྱབ་ཡོད་པའི་རྒྱབ་ལོགས་སུ་རང་ལུས་མེར་བསྲེགས་གནང་བར་བརྟེན། ཁོང་གི་ཕུང་པོ་དམག་མི་ཚོས་དམག་སྒར་དུ་ཁྱེར་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༡༡ ཉིན་འབྲེལ་ཡོད་མི་མང་སྐོར་ཞིག་གིས་དམག་མི་ཚོར་ཕུང་པོ་ནང་མིར་སྤྲོད་དགོས་པའི་རེ་འདུན་བཏོན་ཏེ། ཁ་རྩོད་མང་པོ་བྱས་མཐར་ཕྱི་ཚེས་ ༡༡ ཉིན་གྱི་མཚན་མོ་རྔ་པ་ནས་ཕུང་པོ་མེར་བསྲེགས་གཏོང་རྒྱུ་དང་། དེར་འབྲེལ་ཡོད་མི་ ༥ ཙམ་ཡོང་ཆོག་པའི་ཐག་གཅོད་ཅིག་བྱས་ཡོད་པ་ལྟར། མཚན་མོའི་ཆུ་ཚོད་ ༡༠ ཙམ་ལ་དམག་མིས་དམ་དྲག་ཆེན་པོའི་འོག་དུར་སའི་ནང་མེར་བསྲེགས་གཏོང་དགོས་བྱུང་ཡོད་འདུག

དགེ་པེ་ལགས་ལོ་ན་ཆུང་དུས་ནས་རྔ་པ་ཀིརྟིའི་དགོན་དུ་ཆོས་ཞུགས་ཀྱི་ད་ལོ་ཁ་དོག་གོང་མའི་འཛིན་གྲྭར་བསླེབས་ཡོད་འདུག ཁོང་གི་ཨ་ཕ་ཕྱག་རྡོར་ལོ་ཤས་གོང་ནད་མནར་གྱིས་གྲོངས་ཡོད་འདུག་ལ། ད་ཆ་ཤུལ་དུ་ཨ་མ་ལགས་དང་ཕ་མ་གཅིག་པའི་སྤུན་གྲྭ་པ་གཉིས་ཏེ་གཟའ་མི་གསུམ་ཡོད་འདུག

ཁོང་གི་ཨ་མ་ཆཱ་ཁོ་ཕྱི་ཚེས་ ༡༡ དང་ ༡༢ ཉིན་སོ་སོར་སྔ་དྲོ་ནས་ཕྱི་དྲོའི་བར་རྫོང་གི་ཉེན་རྟོག་པ་རྣམས་ཀྱིས་ཁྲིད་ནས་འདྲི་བརྩད་སྣ་ཚོགས་བྱེད་ཀྱིན་ཡོད་འདུག་ལ། གནས་ཚུལ་དེ་རྔ་པའི་བོད་མི་ཡོངས་ཀྱིས་དེ་རིང་བར་གནས་ཚུལ་གསལ་བོ་ཤེས་རྟོགས་ཐུབ་མེད་ཅིང་། དེ་རིང་རྔ་པ་རྫོང་མཁར་གྱི་བོད་པའི་ཟ་ཁང་དང་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་སྟེ་གདུང་སེམས་མཉམ་སྐྱེད་གནང་ཡོད་འདུག རྒྱ་ནག་གཞུང་གིས་དམག་མི་དང་དྲག་ཆས་ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་སོགས་ས་ཆ་གང་སར་སྔར་ལས་མང་བ་འགྲེམས་འཇོག་གིས་དམ་དྲག་ལྟ་སྲུང་བྱས་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
དགེ་པེ་ལག་ཁོང་གི་སྙིང་སྟོབས་ཆིན་པོའི་བོད་རྒྱལ་ཁབ་མི་རིགས་ཀྱིས་རང་དབང་གིས་དོན་ཏུ་སྐུ་ལུས་མེ་ལ་འཕུལ་ཡང་ཁྱེད་ཀྱི་དེ་འདྲའི་ཁ་ཁུ་སིམ་པོ་བྱེད་དོན་གང་ཡིན་ནམ་རང་སྲོག་འབུལ་དེ་འཛམ་གླིང་མི་མང་གོ་བརྡ་སྤྲོད་ངས་ཞིག་མ་གནང་བ་ངོ་མ་ཕམ་ཆིན་པོ་འདུག་མི་ཡང་མེད་སར་དེ་འདྲེས་གནང་བ་དེ་ཡང་སེམས་ནང་སྡུག་སྔལ་ཆིན་པོའི་ཡོད་པ་སྨྲས་ཅི་དགོས་ཡིན་ན་ཡང་བོད་མི་རེ་ཡི་ལུས་སྲོག་ནི་ཧ་ཅང་རྩ་ཆི་རིན་ཐང་ཡིན་པས་གལ་ཏེ་དེ་འདྲས་གནང་དགོས་ཚེ་ཡུལ་དང་དུས་གནས་སྐབས་ངེས་པར་གཟིགས་ཤེག་ཞིག་འབོད་སྐུལ་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།