choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


སོག་ཙན་དན་དགོན་པར་རང་བཙན་སྦྱར་ཡིག་དང་ཁྲིམས་ཆད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༩ཉིན། ཟླ་འདིའི་ཚེས་༤  ཉིན་སོག་ཙན་དན་དགོན་པའི་ཉེ་འདབ་ལ་བོད་རང་བཙན་ཡིན། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་སོགས་ཀྱི་ཡི་གེ་མང་པོ་གཏོར་ཡོད་པ་དང༌། རྒྱ་ནག་གཞུང་གིས་དམ་དྲག་སྔར་ལས་ཆེ་བ་བྱེད་ཀྱི་ཡོད་པ་རེད། གསར་དུ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། སོག་རྫོང་ཙན་དན་དགོན་པའི་གྲྭ་སྐལ་བཟང་ཚུལ་ཁྲིམས་ལགས་ཕྱི་ཟླ་༡ ཚེས་༡༥ ཡས་མས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པར་དོགས་པ་བྱེད་ཀྱི་ཡོད་འདུག

དེ་ཡང་༢༠༡༡ ལོའི་ཕྱི་ཟླ་༡༢ ཚེས་༡༦ སོག་ཙན་དན་དགོན་པའི་ནང་དུ་བོད་རང་བཙན་གྱི་སྦྱར་ཡིག་འགྲེམས་སྤེལ་བྱས་ཡོད་པ་དང༌། གྲྭ་མང་རྣམས་འཁོར་ཞག་ལ་མ་སོང་གོང་དེར་རྫོང་སྤྱི་བདེ་མི་སྣ་རྣམས་ཀྱིས་གྲྭ་པ་ ལོ་ཆུང་བ་རྣམས་ཀྱི་ལག་པ་པར་བརྒྱབ་སྟེ། ཡིག་ཆ་འགྲེམས་སྤེལ་བྱེད་མཁན་རྩད་གཅོད་བྱེད་སྐབས། གྲྭ་སྐལ་བཟང་ཚུལ་ཁྲིམས་ཡིན་པར་དོགས་པ་བྱས་ཡོད་འདུག གྲྭ་སྐལ་བཟང་ཚུལ་ཁྲིམས་ནི་སོག་རོང་སྨད་ཚ་ཧྲོག་ཤང་ནས་ཡིན་པ་དང༌། ཕ་མིང་ལ་ཨ་འཇིག་ཟེར་གྱི་ཡོད་པ་དང༌། རང་ལོ་༡༩ ཙམ་ཡིན་འདུག

དེར་བརྟེན་ཡུལ་མི་རྣམས་ཀྱིས་ཁོང་བྲོས་བྱོལ་ལ་ཕྱིན་པ་རེད་བསམ་ནས་ཡོངས་བསྒྲགས་བྱས་མི་འདུག་ཀྱང༌། ད་ལམ་ཟླ་ཤས་རིང་ཁོང་གི་སྐོར་གོ་རིག་གང་ཡང་མ་བྱུང་རྐྱེན། རྒྱ་ནག་གཞུང་གི་ཉེན་རྟོག་པས་ལྐོག་ཏུ་འཛིན་བཟུང་བྱས་པར་ཡུལ་མི་རྣམས་ཀྱིས་དོགས་པ་བྱེད་ཀྱི་ཡོད་འདུག

དེའི་སྐབས་ཙན་དན་དགོན་པའི་གྲྭ་ཆོས་དབྱིངས་བྱམས་པ་དང༌། གྲྭ་ཆོས་དབྱིངས་བློ་དགའ་གཉིས་ལ་ཉིན་༡༠ རིང་རྒྱ་ནག་གཞུང་གིས་འདྲི་རྩད་དང་བཀག་ཉར་བྱས་ཡོད་པ་རེད།  སོག་རྫོང་ཁོངས་ཀྱི་དགོན་པ་ཆེ་བ་རྣམས་ཀྱི་ནང་ལ་གཞུང་གི་ལས་བྱེད་མི་སྣ་གསུམ་ནས་ལྔ་བར་དང༌།  གྲོང་ཚོའི་ལྷ་ཁང་རེ་ལ་ལས་བྱེད་མི་སྣ་རེ་རེ་གཏན་སྡོད་བྱེད་བཞིན་པ་རེད་འདུག

ཕྱི་ ཟླ་༡ ཚེས་༡༥ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་སོག་རྫོང་ཙན་དན་དགོན་ པའི་གྲྭ་ཆོས་དབྱིངས་བློ་རྒྱལ་དང༌། ཆོས་དཔལ་ཟླ་བ་གཉིས་ལ་ཕྱི་ཟླ་༢ ཚེས་ཤར་ཙམ་ལ་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་པ་དང། སྐབས་དེར་གསང་བ་བྱས་པ་ལས། ཁོང་གཉིས་ཀྱི་ནང་མིས་ཤེས་རྟོག་བྱུང་མི་འདུག་ཟེར།

ད་ལྟ་ནགས་ཆུ་ཁུལ་ཐོག་ཏུ་ཁོང་གཉིས་བཙོན་འཇུག་བྱས་ཡོད་པ་དང༌། ཆོས་དབྱིངས་བློ་རྒྱལ་གྱིས་“ང་ལོ་གཉིས་རིང་ནང་ལ་ལོགས་ཐུབ་ས་མ་རེད། ཁྱེད་རང་ཚོ་ངའི་ཆེད་སེམས་ཕྲལ་མ་བྱེད། ངས་རྐུ་བྱས་པ་དང་རྫུན་བཤད་ནས་བཙོན་དུ་ཚུད་པ་མ་རེད། པར་ཁ་ཤས་ལ་བལྟས་པའི་རྐྱེན་རེད། ད་ལོ་ང་དབྱར་གནས་ཀྱི་སྦྱིན་བདག་ཡིན་པས་ཁྱེད་ཚོས་དབྱར་གནས་དེ་ང་ཡོད་པ་ནང་བཞིན་གཏོང་འཇོག་རོགས་གྱིས་”འགྲེལ་བརྗོད་བྱས་ཡོད་འདུག

ཆོས་དབྱིངས་བློ་རྒྱལ་རང་ལོ་༣༡ སོག་རོང་སྨད་བསོད་སྟོབས་ལགས་ཀྱི་བུ་ཡིན་པ་དང༌། ཆོས་དཔལ་ཟླ་བ་རང་ལོ་༢༡ གཡག་ལ་ཤང་གྲོང་ཚོ་གཉིས་པའི་སྒོ་པེ་རང་གྲོལ་གྱི་བུ་ཡིན་འདུག  ཁོང་གཉིས་ ཟླ་༡ ཚེས་༡༥ ཉིན་ གྲྭ་མང་རྣམས་འཁོར་ཞག་ལ་འགྲོ་བའི་དུས་ཚོད་དང་བསྟུན་ནས་སོག་རྫོང་སྤྱི་བདེ་ལས་ཁུངས་སུ་ཤོག་ལབ་ནས་འཛིན་བཟུང་བྱས་ཡོད་པ་རེད། ཁོང་གཉིས་འཛིན་བཟུང་བྱེད་དགོས་དོན་རྔ་པ་ཀིརྟི་དགོན་པའི་གྲྭ་པ་མེར་སྲེག་གཏོང་བའི་པར་རིས་མང་པོ་གློག་ཀླད་དུ་ལྟས་པར་བསྙད་ནས་འཇུ་བཟུང་བྱས་བ་ཞིག་ཡིན་འདུག་ཅེས་འབྲེལ་བརྗོད་གནང་སོང༌།

གནས་ཚུལ་མཁོ་སྤྲོད་པ་སོག་རྫོང་ངག་དབང་ཐར་པ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
༄༄།།བོད་མི་མང་དམྱུལ་བ་མི་ཡུལ་སླེབས་པ་་ལྟ་བུ་སྡུག་སྔལ་མྱོང་བཞིན་སྐབས་མཚོ་དམར་གླིང་སྤྲུལ་མིང་འཁྱིར་བའི་ཁྱོད་ཀྱི་བློ་ཕམ་དགོས་པའི་་སྐད་ཆ་་བཤད་བྱང། བོད་མི་མང་གུང་ཕྲན་ལ་དགའ་ཞིན་ཡོད་ཚུལ་དང་་བོད་ལ་བདེ་བསྐྱེད་ཡོད་ཚུལ་གླེང་པ་ནི་ཁྱོད་ལ་གུང་ཕྲན་དམགས་མི་རྒྱབ་ལ་མེ་མདའ་ཚད་ནས་སྨྲས་ཅུག་ན་ཁག་མེད ། དེ་མིན་ཁྱོད་ལ་ངོ་ཚ་མེད་པར་སྐད་ཆ་དེ་་བོད་མི་ཚོ་ངོ་མ་བློ་ཕམ་དགོས་པ་གུང་ཕྲན་དཔོན་པོ་ཚོས་ལྐོག་ནས་ཁྱོད་ལ་གད་མོར་ཤོར་ངེས་། མི་རེག་བླག་ཙོང་ནས་བསྐྱེད་ཉལ་བྱེད་མཁན་ཁྱོད་ལ་འོག་ཅག་བོད་མང་ཚོ་སྤྲུལ་སྐུ་མིང་བརྟགས་ཏང་ནོར་འདུག་གོ་ བོད་མི་ཚོ་དངུལ་དང་ཕྲག་ནགས་བསགས་ནས་རྒྱུ་ནོར་བཏང་ནས་གསོ་སྐྱོངས་བྱེད་པར་ཚངས་མའི་ཆུད་བཟོས་སུ་བཏང་བ་མ་ཡིན་ནམ་། སྔོན་གྱི་ཚི་ཡང་སྤྲུལ་མིང་འཁྱིར་མཁན་ཚོ་བོད་མི་ཙོང་ནས་རྒྱགས་པ་ཆགས་མཁན་མང་སྐད་། དོན་མེད་པའི་སྤྲུལ་སྐུ་ཡང་སྲེད་ཙད་གཅད་བྱེད་པའི་ལམ་ལུགས་དེ་གཞགས་ན་དགའ་འོང་། དེ་མིན་ཚོང་རྫས་འདྲ་དགོས་ན་དེར་ཟད་། མི་རེགས་འདི་ཡི་མགོ་ལ་སྡོད་ནས་མི་ེརེགས་འདི་ཡི་བདེ་སྡུག་བསམ་བློ་ཅང་ཙམ་བཏང་དགོས་ངེས་རེད་



བརྗོད་གཞི་གཞན་ཁག་ལ་གཟིགས།