choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


མགོ་ལོག་པདྨ་རྫོང་དུ་བོད་མི་ཞིག་དམར་གསོད་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༨ཉིན། ཟླ་འདིའི་ཕྱི་ཚེས་༦ཉིན། མགོ་ལོག་པདྨ་རྫོང་ཁོངས་ཀྱི་ཚོ་བ་གསུམ་གྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་སྐབས། མཁར་ཡུལ་ཚོའི་བོད་མི་ཞི་རྒོལ་བ་ཆོས་རིས་ལགས་རྒྱ་དམག་གིས་དམར་གསོད་བཏང་འདུག

དེ་ཡང་གནས་ཚུལ་ཡོངས་ཁུངས་ནས་བརྗོད་པ་ལྟར་ན། ཕྱི་ཟླ་ ༡ ཚེས་ ༢༥ ཉིན་མགོ་ལོག་པདྨ་རྫོང་སྟག་མཁར་ཡུལ་ཚོའི་མཁར་ནང་ཚོ་བ་དང་། རྟོག་རྟོག་ཚོ་བ། གྱི་མཁར་ཡུལ་ཚོའི་གྱི་ལུང་ཚོ་བ་བཅས་ཀྱིས་སྟག་མཁར་ཡུལ་ཚོ་རུ་རྒྱ་གཞུང་ལ་ཞི་རྒོལ་བྱས་ཏེ། རྒྱ་གཞུང་གི་རྒྱལ་དར་མར་ཕབ་པ་སོགས་བྱས་པར་བརྟེན་མི་མང་པོ་ཞིག་ཉིན་དེ་ནས་བཟུང་རིའི་སྒང་ལ་བྲོས་བྱོལ་དུ་འགྲོ་དགོས་ཁེལ་ཡོད་པ་དང་། ཉིན་དེ་ནས་བཟུང་ས་གནས་ཡོངས་ལ་དམག་མི་ཕོན་ཆེན་འགྲེམས་འཇོག་བྱས་ཡོད་འདུག

ཕྱི་ཟླ་ ༣ ཚེས་ ༦ ཉིན་མཁར་ཡུལ་ཚོའི་ཞི་རྒོལ་ནང་མཉམ་ཞུགས་གནང་མཁན་གྱི་མཁར་ཡུལ་ཚོའི་ཕ་སྟོབས་རྒྱས་དང་། མ་སྦེ་ལོ་གཉིས་ཀྱི་བུ་སྟོབས་དབང་འཛིན་བཟུང་བྱེད་སྐབས། ཆོས་རིས་དང་འཇམ་དཔལ་བློ་གྲོས། དཀར་ཁོ་སོགས་ཀྱིས་བར་འདུམ་བྱས་པར་ཉེན་རྟོག་པ་དང་དམག་མིས་གང་བྱུང་མེ་མདའ་བརྒྱབ་པར་བརྟེན། ཆོས་རིས་ཀྱི་གདོང་མདོར་མེ་མདའ་ཕོག་སྟེ་ས་གནས་དེ་ག་རང་ལ་སྐུ་གྲོངས་ཡོད་པ་དང་། གཞན་ཕ་ལུག་རེས་དང་། མ་སྦོ་རྡེ་གཉིས་ཀྱི་བུ་སྐར་ཁོ་དང་འཇམ་དཔལ་བློ་གྲོས་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ད་སྐབས་མགོ་ལོག་ཁུལ་ཐོག་ཏུ་སྨན་བཅོས་བྱེད་བཞིན་ཡོད་འདུག

རྒྱ་དམག་གི་མེ་མདའི་འོག་འདས་གྲོངས་སུ་གྱུར་བའི་ཆོས་རིས་ལགས་ནི་དར་རྒྱས་དང་པིར་རྡོག་གཉིས་ཀྱི་བུ་ཡིན་ལ། རང་ལོ་ ༢༨ཡས་མས་ཡིན་འདུག ཁོང་གི་ཆུང་མའི་མིང་ལ་པུག་མོ་ཟེར་ཞིང་། ཁོང་གཉིས་ལ་ཕྲུ་གུ་གཅིག་ཡོད་འདུག

ད་སྐབས་མགོ་ལོག་པདྨ་རྫོང་ནས་དམག་མི་ཕོན་ཆེན་ས་གནས་དེར་སྐྱོད་བཞིན་ཡོད་པའི་གནས་ཚུལ་འདུག

གནས་ཚུལ་མཁོ་སྤྲོད་པ་ཚངས་དབྱངས་རྒྱ་མཚོ། འབྲེལ་གཏུག་ཁ་པར། ༩༨༨༢༦༠༣༩༩༡ དང ༨༦༧༩༠༤༤༤༠༥

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།