དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྡོ་རྗེ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༦ཉིན། ཕྱི་ཚེས་༥ཉིན་གྱི་བོད་ནང་གི་ཆུ་ཚོད་༦དང་ཕྱེད་ཀ་ཙམ་ལ། རྔ་པ་རྫོང་གཅའ་ཞང་གཅའ་རུ་བའི་གཤོག་སྨད་མའི་མགར་སྐྱ་ཚང་གི་བུ་རང་ལོ་༡༨ཡིན་པ་རྡོ་རྗེ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་སྐུ་གྲོངས་ཡོད་འདུག

ཁ་སང་ཕྱི་ཚེས་༥ཉིན་གྱི་ཕྱི་དྲོའི་བོད་ནང་གི་དུས་ཚོད ༦།༣༠ ཙམ་ལ། རྔ་པ་རྫོང་གཅའ་ཞང་གཅའ་རུ་བའི་གཤོག་སྨད་མའི་མགར་སྐྱ་ཚང་གི་ཕ་ཅཱ་ཅཱ་ཡི་བུ་རང་ལོ་༡༨ཡིན་པ་རྡོ་རྗེ་ལགས་ཀྱིས། རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་གཅའ་ཞང་ཐོག་དང་ཐག་ཉེ་བའི་ཟམ་ཁ་ཞིག་ནས་གཅའ་ཞང་ཐོག་གི་རྒྱ་མིའི་ལས་ཁུངས་ཡོད་ས་བར་གོམ་བགྲོད་གནང་ཡོད་འདུག

གནས་ཚུལ་འགྲེལ་བརྗོད་པས་བཤད་པ་ལྟར་ན། དུས་ཐོག་ལ་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་སོགས་སླེབས་མེད་པ་དང་ས་གནས་ཀྱི་བོད་མི་རྣམས་ཀྱིས་མེ་མ་བསད་པར་འབར་བཅུག་ཡོད་སྟབས་སྐབས་ཐོག་དེར་སྐུ་གྲོངས་ཡོད་ཅིང་། བོད་མི་རྣམས་ཀྱིས་ཕུང་པོ་ཁྱེར་བརྩིས་བྱས་སྐབས་ཉེན་རྟོག་པ་སོགས་སླེབས་ཏེ་ཕུང་པོ་བཙན་འཕྲོག་གིས་རྔ་པ་རྫོང་ཐོག་ཏུ་ཁྱེར་ཡོད་འདུག གཅའ་ཞང་ནི་རྔ་པ་རྫོང་ཐོག་ནས་ཤར་ཕྱོགས་སུ་སྤྱི་ལེ་ ༧༠ ཙམ་གྱི་སར་ཡོད་པ་དང་། དེང་སྐབས་རྒྱ་གཞུང་གིས་འབྲོག་སྡེ་གཅའ་རུ་བ་དང་། རྭ་རུ་བ། ནག་ཚང་མ་བཅས་ཁག་གསུམ་དུ་བགོས་ཡོད་འདུག

ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
བོད་གྱི་་སྟེན་པ་ཆ་སྲིད་དོན་ལ་བརླབ་ཆེན་གྱི་མཛེད་པ་གནང་བའི་རྒྱ་ཅེས་པ་བོ་པ་མོ་རྣམ་གྱི་དོན་དུ་སྔོ་འ་ཤོགས་། ཨོྂ་མ་ནི་པདྨེ་ཧུྂ་ཧྲི།༑༑༑
ངོ་མ་སྐྱོ་བས་མནར་སོང་་་་ཐོས་ཐེངས་རེར་་མིག་ཆུ་དབང་མེད་ཤོར་སོང་་་ ཇི་འདྲའི་ཡ་ང་ཡི་འཇིག་རྟེན་ཞིག་་་་་་ཨ་ཤི་རེ་་་་་་



བརྗོད་གཞི་གཞན་ཁག་ལ་གཟིགས།