choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རང་ལོ་༡༩ཅན་གྱི་བུ་མོ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༥ཉིན། ཟླ་འདིའི་ཕྱི་ཚེས་༣ཉིན་གྱི་བོད་ནང་གི་ཕྱི་དྲོ་ཆུ་ཚོད་༣པ་ཙམ་ དུ། མདོ་སྨད་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་རང་ལོ་༡༩ཡིན་པ་ཚེ་རིང་ སྐྱིད་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་གྱུར་ཡོད་འདུག

གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཁོ་མོ་ནི་མདོ་སྨད་རྨ་ཆུ་རྫོང་ཁྲོ་ཁོ་སྨད་མ་ཞང་གི་ཕ་བསོད་ནམས་ཡེ་ཤེས་ལགས་ཀྱི་བུ་མོ་ཡིན་པ་དང་། ད་ལྟ་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་འགྲིམ་བཞིན་ཡོད་འདུག ཉིན་དེར་རྨ་ཆུ་རྫོང་རྨ་ཆུ་ལམ་དུ་ཡོད་པའི་སྔོ་ཚལ་ཁྲོམ་རའི་ཉེ་འགྲམ་གྱི་ར་སྐོར་ཞིག་གི་ནང་ལུས་ལ་སྣུམ་བླུགས་པ་དང་མེར་བསྒྲོན་ཏེ། སྔོ་ཚལ་ཁྲོམ་རའི་ཁྲོམ་གཞུང་དུ་ཐོན་སྐབས། སྔོ་ཚལ་བཙོང་མཁན་གྱི་རྒྱ་རིགས་ཚོང་པ་ཚོས་རྡོ་རུབ་བརྒྱབ་པ་དང་། དྲག་ཆས་ཉེན་རྟོག་པ་བསླེབས་ཏེ་རྡོ་དང་ལྕག་དབྱུག་གིས་གཞུས་ཏེ་ལུས་སྟེང་གི་མེ་བསད་རྗེས་འདས་གྲོངས་སུ་ཕྱིན་ཡོད་ཀྱང་། ཉེན་རྟོག་པས་ཁོ་མོའི་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པར་བཙན་འཁྱེར་བྱས་ཡོད་འདུག

རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་རྗེས། ས་གནས་ཉེན་རྟོག་པས་སྔོ་ཚལ་ཁྲོམ་རའི་སྒོ་ཆེན་བརྒྱབ་སྟེ། དགོང་དྲོའི་ཆུ་ཚོད་ ༩ པ་བར་ཁྲོམ་རའི་ནང་ཡོད་པའི་མི་མང་གི་ཁ་པར་ནང་མེར་བསྲེགས་ཀྱི་པར་རིས་ཡོད་མེད་བསྔོག་བཤེར་བྱས་ཡོད་པ་མ་ཟད། ཚོགས་འདུ་བསྡུས་སྟེ་བཟའ་འཁོན་གྱིས་གནད་དོན་ལ་རྐྱེན་བྱས་ཏེ་མེར་བསྲེགས་བཏང་བ་ཡིན་ཚུལ་དང་གནས་ཚུལ་དེ་ཕྱིར་བསྒྲགས་བྱེད་མི་ཆོག་པའི་འཇིགས་སྐུལ་བྱས་ཡོད་འདུག་ལ། ཉིན་དེའི་དགོང་མོ་རྨ་ཆུ་རྫོང་གི་ལས་ཁུངས་ཁག་ནང་ཛ་དྲག་གི་ཚོགས་འདུ་བསྐང་སྟེ་གནས་ཚུལ་ཁ་བསྒྱུར་དང་གསང་སྦས་བྱེད་ཕྱོགས། དེ་བཞིན་དོན་རྐྱེན་དེའི་རྒྱབ་ལྗོངས་ཞིབ་བཤེར་དང་སྔོན་འགོག་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱས་ཡོད་འདུག

ཕྱི་ཚེས་ ༤ ཉིན་ནས་བཟུང་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་དམག་མིས་དམ་དྲག་ཁྲོད་ཕྱི་མིར་ཐུག་འཕྲད་དང་ཁ་པར་བརྒྱུད་ལམ་སོགས་ཡོངས་སུ་བཀག་སྡོམ་བྱས་ཡོད་པ་མ་ཟད། རྨ་ཆུ་རྫོང་མཁར་གྲོང་དུ་གནས་སྡོད་བྱེད་ཀྱིན་པའི་བོད་པའི་ཁྱིམ་ཚང་ཡོངས་ལ་བསྔོག་བཤེར་གྱིས་དྲ་རྒྱའི་སྐུད་ལམ་བཀོག་འཁྱེར་བྱས་པ་སོགས་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།