choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རིག་འཛིན་རྡོ་རྗེ་ལགས་འདས་གྲོངས་སུ་གྱུར་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༥ཉིན། འདི་ལོའི་ཕྱི་ཟླ་༢ ཚེས ༨ ཉིན། རང་ལུས་མེ་སྲེག་གཏོང་མཁན་གྱི་རིག་འཛིན་རྡོ་རྗེ་ལགས་ཟླ ༢ ཚེས་ ༢༡ ཉིན་གྱི་དགོང་མོར་རྔ་པ་ཁུལ་གྱི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་གྱུར་ཡོད་པ་དང་འབྲེལ་ཡོད་ཚོ་འབར་ཁམས་སུ་སོང་ནས་སྐུ་ཕུང་ཚུར་ལེན་ཐབས་བྱས་ཡོད་ཀྱང་རྒྱ་གཞུང་གིས་མ་སྤྲད་པར་ས་གནས་དེར་མེ་བསྲེགས་བྱས་ནས་རུས་ཐལ་ཞིག་ནང་མི་ལ་སྤྲད་ཡོད་འདུག

འདི་ལོའི་ཕྱི་ཟླ་༢ ཚེས ༨ ཉིན། རང་ལུས་མེ་སྲེག་གཏོང་མཁན་གྱི་རིག་འཛིན་རྡོ་རྗེ་ལགས་ཟླ ༢ ཚེས་ ༢༡ ཉིན་གྱི་དགོང་མོར་རྔ་པ་ཁུལ་གྱི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་གྱུར་ཡོད་པ་དང་འབྲེལ་ཡོད་ཚོ་འབར་ཁམས་སུ་སོང་ནས་སྐུ་ཕུང་ཚུར་ལེན་ཐབས་བྱས་ཡོད་ཀྱང་རྒྱ་གཞུང་གིས་མ་སྤྲད་པར་ས་གནས་ དེར་མེ་བསྲེགས་བྱས་ནས་རུས་ཐལ་ཞིག་ནང་མི་ལ་སྤྲད་ཡོད་ཀྱང་། བོད་རང་གི་སྲོལ་རྒྱུན་གྱི་འགྲོ་ལུགས་དང་མཐུན་པར་དཀར་ཆོས་སོགས་གང་ཡང་བྱེད་ཐུབ་མེད་པར་མ་ཟད། ཡུལ་མི་རྣམས་མཉམ་འཛོམས་ཀྱིས་ཉིན་གཅིག་རིང་གཤིན་པོའི་ཆེད་མ་ཎི་དང་བསྔོ་སྨོན་འཚོགས་སྲོལ་ཡོད་པ་དེ་ཡང་ཚོགས་མི་ཆོག་པའི་བཙན་བཀའ་བཏང་འདུག དམ་པ་ཁོང་ནི་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཕ་བརྩོན་ཁོ་དང་མ་དུང་དཀར་གཉིས་ལ་སྐྱེས་ཤིང་ཆུང་དུས་ནས་རྔ་པ་ཀིརྟིའི་དགོན་པར་ཆོས་ཞུགས་བྱས་ཡོད། ཕྱི་ལོ་ ༢༠༡༠ ལོར་སྐྱ་སར་བབ་ནས་ད་བར་ཕ་མ་གཉིས་དང་མཉམ་དུ་འབྲོག་ལས་གྱི་འཚོ་བ་རོལ་ནས་བཞུགས་ཡོད་པ་དང་། འདི་ལོའི་ཟླ ༢ ཚེས་ ༨ ཉིན་རྔ་པའི་ཁྲོམ་གཞུང་དུ་རང་ལུས་མེ་སྲེག་བཏང་ནས་རྒྱ་གཞུང་ལ་ཞུ་འབོད་བྱས་འདུག

གཞན་ཡང་གནས་ཚུལ་ཐོན་གསལ་ལ། ཕྱི་ལོ ༢༠༡༡ ཟླ ༩ ཚེས ༢༦ ཉིན་རང་ལུས་མེ་སྲེག་གིས་ངོ་རྒོལ་གནང་མཁན་རྔ་པ་ཀིརྟིའི་དགོན་གྱི་གྲྭ་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཚེ་རྒྱས་ཀྱི་བུ་བློ་བཟང་དཀོན་མཆོག་གི་རྐང་ལག་ཚང་མ་གཏུབ་འདུག་པ་མ་ཟད། སྐེར་ཨུ་ཁུང་བརྟོལ་དེ་དེའི་ནང་ནས་ཁ་ལག་སྤྲོད་ཀྱི་ཡོད་འདུག་ལ། སྨན་ཁང་ནས་ཀྱང་བལྟ་སྲུང་མཁན་གྱི་ལས་བྱེད་དང་སྨན་པ་ཚོས་ཁོང་ཚོ་ནི་རྒྱལ་ཁབ་ཀྱི་དགྲ་བོ་དང་མི་དམངས་དཀྲུག་ཤིང་རྒྱག་མཁན་ཡིན་ཚུལ་གྱི་མཐོང་ཆུང་དང་བརྙས་སྨད་སྣ་ཚོགས་བྱེད་ཀྱི་ཡོད་འདུག ཤི་ལ་ཉེ་བའི་རྨས་མ་དེ་དག་ལའང་འདྲི་གཅོད་དང་རྡུང་རྡེག་གཏོང་རྐྱང་བྱེད་བཞིན་ཡོད་འདུག
གཞན་ཡང་ཀིརྟིིའི་དགོན་པ་དང་བསེ་དགོན་པ་གཉིས་གཙོ་བོར་གྱུར་བའི་རྔ་པའི་སྟོད་སྨད་བར་གསུམ་གྱི་དགོན་པ་ཁག་དང་། གྲོང་སྡེ་རྣམས་སུ་དམག་མི་དང་ཉེན་རྟོགས་པ་ཕོན་ཆེན་འགྲེམས་འཇོགས་ཀྱིས་དམ་བསྒྲགས་དང་དུས་ཚོད་ངེས་མེད་ངང་གང་བྱུང་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་མང་དག་ཅིག་འཐོན་བཞིན་ཡོད་འདུག

གནས་ཚུལ་མཁོ་གཏོང་བ་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།