choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

བུ་ཕྲུག་༤ཡི་ཨ་མ་ཞིག་གིས་རང་ལུས་མེ་སྲེག་བཏང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༣ཚེས་༥ཉིན། ཟླ་འདིའི་ཕྱི་ཚེས་༤ཉིན་གྱི་ཞོགས་པར་བོད་ནང་གི་ཆུ་ཚོད་༦།༣༠ཙམ་ལ་རྔ་པ་ཀིརྟི་དགོན་པའི་འགྲམ་དུ་དམིགས་བསལ་ལྟ་སྲུང་བྱེད་མཁན་ཉེན་རྟོག་ལས་ཁུངས་མདུན་དུ་ཕྲུ་གུ་༤ཡི་ཨ་མ་ཞིག་གིས་རང་ལུས་མེ་སྲེག་བཏང་ཡོད་འདུག

རང་ལུས་མེ་སྲེག་བཏང་མཁན་དེའི་མིང་ལ་རིན་ཆེན་དང༌། ཁོང་ནི་བོད་མདོ་སྨད་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་ལམ་དཀར་ཚང་གི་མནའ་མ་ཡིན་འདུག་པ་དང༌། ཁོང་གི་ཕ་མིང་ལ་ར་སྣ་དང༌། མ་མིང་ལྷ་ཁོ། རང་ལོ་༣༢བཅས་ཡིན་འདུག

རིན་ཆེན་ལགས་ཀྱིས་རང་ལུས་མེ་སྲེག་བཏང་ནས། ༧གོང་ས་མཆོག་བོད་ལ་ཕེབས་དགོས། བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་ཡོད་འདུག་པ་དང༌། ཁོང་ཉིད་རང་ལུས་མེ་སྲེག་བཏང་ས་དེ་ག་རང་དུ་སྐུ་གྲོངས་ཡོད་འདུག སྐབས་དེར་ཁོང་གི་སྐུ་ཕུང་དགོན་པའི་ནང་ཡར་འཁྱེར་ཐུབ་པ་བྱུང་འདུག་ཀྱང༌།  དེའི་རྗེས་སུ་སྐུ་ཕུང་རྒྱ་གཞུང་གིས་བཙན་འཕྲོག་བྱས་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་བྱུང༌མི་འདུག

ཁོང་ནི་ཕ་མ་གཅིག་པའི་མིང་སྲིང་བརྒྱད་ཡོད་པའི་ནང་ནས་ཆེ་ཤོས་གཉིས་པ་དེ་ཡིན་འདུག ཁོང་གི་གཟའ་ཟླ་ལོ་གཅིག་གི་སྔོན་ལ་གྲོངས་ཡོད་འདུག་ལ། ཤུལ་དུ་ཕ་མ་གཉིས་ཀ་མེད་པའི་ཕྲུ་གུ་བཞི་ཡོད་པའི་ནང་ནས་ཆེ་ཤོས་ལོ་བཅུ་གསུམ་དང་ཆུང་ཤོས་དེ་ཟླ་ངོགས་ཁ་ཤས་ལས་སོན་མེད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༥༢༠༡༢༡༣༣༣

ཁམས་ཆབ་མདོ་ནས་ཡིན་པའི་དཔའ་བོ་བསྟན་འཛིན་ཕུ་ཚོགས་ལགས་ཀྱི་དྭགས་ཕྲུག་གསུམ་དང་། མདོ་སྨད་རྔ་པ་ནས་ཡིན་པའི་དཔའ་མོ་རིན་ཆེན་ལགས་ཀྱི་དྭགས་ཕྲུག་བཞི། ཁྱོན་སྡོམ་དྭགས་ཕྲུག་བདུན་དེ་ལ་བོད་གཞུང་ནས་རོགས་རམ་གནང་ན་ཡག་པོ་འདུག

བརྗོད་གཞི་གཞན་ཁག་ལ་གཟིགས།