དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

སྲིད་གཞུང་གི་སྒྲིག་ཁྲིམས་ལ་གུས་བརྩི་དགོས་པའི་བཀའ་རྒྱ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༢༧ཉིན། ཟླ་འདིའི་ཕྱི་ཚེས་༢༦ཉིན། སི་ཁྲོན་ཞིང་ཆེན་གྱི་འགོ་ཁྲིད་ལུའུ་ཆི་པའོ་ཟེར་བ་རྔ་བ་ཀིརྟི་དགོན་དུ་ཡོང་ཏེ་དགེ་འདུན་པ་ཚོས་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་མཚམས་འཇོག་གིས་ཏང་དང་སྲིད་གཞུང་གི་སྒྲིག་ཁྲིམས་ལ་གུས་བརྩི་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག

ལུའུ་ཆི་པའོ་ཡིས་བརྗོད་རྒྱུར། ང་ཚོས་དཔུང་པ་མཉམ་གཤིབ་ཀྱིས་ཁ་བྲལ་རིང་ལུགས་པ་དང་དེའི་ཕྱོགས་གཏོགས་དགྲ་བོར་མཐའ་གཅིག་ཏུ་ཕལ་རྒོལ་བྱས་ཏེ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། རྒྱལ་ཁབ་ཀྱི་རྩ་ཁྲིམས་སོགས་བརྟན་སྲུང་བྱེད་དགོས། དེ་ལྟར་བྱས་ན་ད་གཟོད་ཆོས་ལུགས་དད་པ་རང་མོས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད་པ་རེད། དེ་བས་དགེ་འདུན་པ་ཚོས་ཕྱོགས་ཡོངས་ལ་རྣོ་བསམ་བཏང་ནས་ཁ་བྲལ་གྱི་བྱ་སྤྱོད་སྣ་ཚོགས་སྤེལ་མཚམས་བཞག་སྟེ། ཏང་དང་སྲིད་གཞུང་གི་ལངས་ཕྱོགས་གཅིག་གྱུར་ངང་བརྟན་སྲུང་བྱེད་དགོས་ཞེས་དང་།

ཡང་ཁོས། གྲྭ་བ་དང་བཙུན་མ་སུ་ཡིན་ནའང། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་མང་ཞིག་ཡིན་པའི་ཆ་ནས་བཅའ་ཁྲིམས་ཀྱི་མདུན་དུ་མི་བུ་ཚང་མ་འདྲ་མཉམ་རེད་ཅེས་བརྗོད་པ་མ་ཟད། ཁོ་རང་ཆོས་མེད་སྨྲ་བ་ཞིག་ཡིན་ནའང་། ཕྱི་ལོ་༢༠༠༩ལོ་ནས་བཟུང་ད་ལྟའི་བར་དུ་རྔ་བ་རྫོང་ཀིརྟི་དགོན་གྱི་དགེ་འདུན་པ་མང་པོས་རང་ལུས་མེར་བསྲེགས་བཏང་བ་དང་མི་མང་བརྒྱ་ཕྲག་མང་པོས་སྲིད་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་པ་དེ་ཚོ་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་ཡོད་པ་མ་ཟད། ནང་པའི་ཆོས་ཀྱི་དགོངས་དོན་དང་ཡང་འགལ་ཡོད་ལུགས་སོགས་བརྗོད་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།