choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ནེལ་སིན་མཱན་ཌཱ་ལ་མཆོག་སྨན་ཁང་ནས་ཕྱིར་ཕེབས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༢༧ཉིན། རེས་གཟའ་སྤེན་པའི་ཉིན། ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་ཟུར་པ་དང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ནེལ་སིན་མན་ཌ་ལ་མཆོག་སྐུ་གཟུགས་མ་བདེ་བར་སྨན་ཁང་དུ་བཞུགས་དགོས་བྱུང་ཡོད་ཀྱང་། རེས་གཟའ་ཉི་མའི་ཉིན་རང་ཁྱིམ་དུ་ཕྱིར་ཕེབས་གནང་ཡོད་ལུགས་བརྗོད་འདུག

གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ནེལ་སིན་མན་ཌཱ་ལ་ (Nelson Mandela)མཆོག་གི་གསོལ་གྲོད་མ་བདེ་བར་སྨན་ཁང་དུ་ཕེབས་དགོས་བྱུང་ཡོད་པ་དང་། བྷི་བྷི་སི་གསར་ལས་ཁང་གིས་ སྐུ་ཞབས་ནེལ་སིན་མཱན་ཌཱ་ལ་མཆོག་ལ་རྒྱུ་ལྷག་གི་སྙུང་གཞི་ཚབས་ཆེན་བྱུང་ཏེ་བཤག་བཅོས་བྱས་པའི་གནས་ཚུལ་སྤེལ་ཡོད་ཀྱང་།  ལྷོ་ཨ་ཧྥེ་རི་ཁ་གཞུང་ནས་ཁོང་གི་སྐུ་གཟུགས་ལ་སྐྱོན་གང་ཡང་མེད་པར་སྨན་པའི་ཆོག་མཆན་ཐོབ་པ་ལྟར་རང་ཁྱིམ་དུ་ཕྱིར་ཕེབས་ཡོད་ཚུལ་འགྲེལ་བརྗོད་གནང་ཡོད་པ་མ་ཟད། བཤག་བཅོས་བྱེད་དགོས་བྱུང་མེད་ལུགས་བརྗོད་བཞིན་ཡོད་འདུག

ནེལ་སིན་མཱན་ཌཱ་ལ་མཆོག་ནི་ད་ལྟ་དགུང་ལོ་༩༣ཡིན་པ་དང་། མི་རིགས་ནག་པོའི་རང་དབང་རྩོད་ལེན་གནང་མཁན་གྱི་རླབས་བའི་ཆེ་མི་སྣ་ཞིག་ཡིན་པས། ལྷོ་ཨ་ཧྥེ་རི་ཁ་མི་མང་གིས་ཁོང་ལ་གུས་བརྩི་དང་དགའ་མོས་ཤིན་ཏུ་ཆེན་པོ་ཡོད་པ་མ་ཟད། ཁོང་གི་སྐུ་གཟུགས་གནས་སྟངས་ལ་ སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་འདུག

ཁོང་སྔོན་ཆད་ལྷོ་ཨ་ཧྥེ་རི་ཁའི་ནང་མི་རིགས་དཀར་པོའི་དབང་བསྒྱུར་འོག་ལོ་ངོ་ ༢༧ རིང་བཙོན་ཁང་དུ་བཞུགས་དགོས་བྱུང་ཞིང༌། ཕྱི་ལོ་ ༡༩༩༠ ལོའི་ཕྱི་ཟླ་ ༢ ཚེས་ ༡༡ ཉིན་བཙོན་གྲོལ་ཐོབ་པ་དང་།  ཕྱི་ལོ་ ༡༩༩༤ ལོར་ལྷོ་ཨ་ཧྥེ་རི་ཁའི་ནང་མང་གཙོའི་འོས་བསྡུ་ཐོག་མའི་སྐབས་ཁོང་སྲིད་འཛིན་དུ་འོས་འདེམས་ཞུས་ཏེ། ལྷོ་ཨ་ཧྥེ་རི་ཁའི་མི་རིགས་ནག་པོའི་སྲིད་འཛིན་དང་པོ་དེ་ཆགས་པ་དང༌། ཕྱི་ལོ་ ༡༩༩༣ ལོར་ཁོང་ལ་ནེ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།