choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

རང་ལོ་༡༨ཅན་ཞིག་གིས་སྐུ་ལུས་མེར་བསྲེགས་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༢༠ཉིན། དེ་རིང་བོད་ནང་གི་ཆུ་ཚོད་ ༢ ཙམ་གྱི་སྟེང་། མདོ་སྨད་རྔ་པ་ཁུལ་འཛམ་ཐང་རྫོང་བར་མ་ཡུལ་གྱི་མི་སྐྱ་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དམ་དྲག་ལ་ཞི་བའི་ངོ་རྒོལ་བྱས་འདུག

དེ་རིང་བོད་ནང་གི་ཆུ་ཚོད་ ༢ ཙམ་ལ་མདོ་སྨད་རྔ་པ་ཁུལ་འཛམ་ཐང་རྫོང་བར་མ་ཡུལ་ཆོས་རྗེ་ཚོ་བའི་རང་ལོ་རང་ལོ་ ༡༨ ཡིན་པ་སྣང་གྲོལ་ལགས་ཀྱིས་འཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་འཁྲིས་སུ་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་གི་བཙན་གནོན་དམ་དྲག་ལ་ཞི་བའི་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་གྱུར་འདུག

སྣང་གྲོལ་ལགས་ནི་འཛམ་ཐང་རྫོང་བར་མ་ཡུལ་ཆོས་རྗེ་ཚོ་བའི་ཕ་སྤྱན་གཟིགས་དང་མ་སྙིང་མོ་གཉིས་ཀྱི་བུ་ཡིན་པ་དང་། ཁོང་གིས་སྐུ་ལུས་མེར་བསྲེགས་བཏང་རྗེས་ས་གནས་ཉེན་རྟོག་པ་སླེབས་ཏེ་ཁོང་གི་སྐུ་ཕུང་བཙན་འཕྲོག་བྱེད་རྩིས་བྱས་ཡོད་ཀྱང་། ཇོ་ནང་དགོན་པའི་གྲྭ་བ་མང་པོ་འབྱོར་ཏེ་ཉེན་རྟོག་པའི་ལག་ནས་སྐུ་ཕུང་ཚུར་འཕྲོག་ཐུབ་ཡོད་ལ། ད་ལྟ་འཛམ་ཐང་དགོན་ཆེན་དུ་ཁོང་གི་སྐུ་ཕུང་ཁྱེར་ཏེ་ཕོ་ལུང་དང་བསྔོ་སྨོན་འདོན་བཞིན་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།