མགོ་ལོག་གྲྭ་འཇིགས་མེད་འཛིན་བཟུང་བྱས་པའི་བཀའ་རྒྱ་འབྱོར་བ།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༡༨ཉིན། ཕྱི་ལོ་༢༠༡༢ཟླ་༡ཚེས་༢ ཉིན་ཀན་ལྷོ་ཁུལ་ཉེན་རྟོག་ལས་ཁུངས་ཀྱིས། ཀན་ལྷོ་ཁུལ་མི་མང་ཞིབ་བཤེར་ལྷན་ཁང་གིས་མདོ་སྨད་བླ་བྲང་བཀྲིས་འཁྱིལ་དགོན་པའི་གྲྭ་འཇིགས་མེད་རྒྱ་མཚོའམ། འཇིགས་མེད་མགོ་རིལ་ལགས་རྒྱལ་ཁབ་ཁ་བྲལ་བཏང་བའི་ཉེས་མིང་འོག་ཕྱི་ལོ་༢༠༡༢ཟླ་༡ པོའི་ཚེས་༡ཉིན་གྱི་ཕྱི་དྲོ་ཆུ་ཚོད་༣པའི་ཐོག་དངོས་སུ་འཛིན་བཟུང་བྱེད་དགོས་ པའི་བཀའ་རྒྱ་ཞིག་བཏང་ཡོད་ལུགས་སྤེལ་འདུག

གྲྭ་འཇིགས་མེད་ལགས་ཀྱིས་དེ་སྔོན་ཕྱི་ལོ་༢༠༠༨ལོར་བོད་ནང་དུ་ཞི་རྒོལ་སྐོར་དང༌། ལྷག་པར་སྐབས་དེར་རྒྱ་ནག་གཞུང་གིས་བོད་མིར་མནར་གཅོད་ཇི་སྟངས་ཀྱི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་དང༌། འོད་སྡེར་བཅས་ནས་འཇིགས་ཞུམ་མེད་པ་འགྲེལ་བརྗོད་བྱས་རྐྱེན། རྒྱ་ནག་ཉེན་རྟོག་པས་ཁོང་ཉིད་ཐེངས་མང་འཛིན་བཟུང་བྱས་ནས་ཚད་ལས་བརྒལ་བའི་མནར་གཅོད་བཏང༌།

ལོ་སྔོན་མའི་ཟླ་༨པའི་ཚེས་༢༠ཉིན་གྱི་ཕྱི་དྲོ་ཞིག་ལ་གྲྭ་འཇིགས་མེད་ལགས་དང་གཞན་རོགས་པ་ཁག་ཅིག་གཙོད་གྲོང་ཁྱེར་གྱི་ཀྲུང་ཡོན་མགྲོན་ཁང་ཟེར་བ་ཞིག་གི་ནང་སྡོད་སྐབས་སུ། གློ་བུར་ཉེན་རྟོག་པ་མི་གྲངས་༤༠ལྷག་ཙམ་ཡོང་ནས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག་པ་དང༌། སྐབས་དེར་ཉེན་རྟོག་པས་ཁོང་གི་སྡོད་སར་སྔོག་བཤེར་གྱིས་འོད་སྡེར་དང༌། ༧གོང་ས་མཆོག་གི་སྐུ་པར་གྲངས་༣༠ཙམ། གཞན་ཡང་གློག་ཀླད་༢དང་ལག་འཁྱེར་གློག་ཀླད་༢བཅས་བཙན་འཕྲོག་བྱས་ཡོད་པ་རེད།

དགུང་ལོར་༤༣ཙམ་ཕེབས་པའི་གྲྭ་འཇིགས་མེད་རྒྱ་མཚོ་ལགས་ནི་བླ་བྲང་དགོན་པའི་ཉེ་འདབ་ཕུག་སྡེ་ཞེས་པ་ནས་ཡིན་ཞིང༌། ༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་ཨ་མྲ་ཝ་ཏི་ལ་ཆེད་ཕེབས་ཀྱིས་༧གོང་ས་མཆོག་གིས་བསྩལ་བའི་དུས་འཁོར་དབང་ཆེན་ཞུས་རྗེས་ཕྱིར་ཕ་ཡུལ་དུ་ལོག་ཡོད་འདུག་པ་དང༌། ཕྱི་ལོ་༢༠༠༨ནས་ད་བར་འཛིན་བཟུང་ཐེངས་༣ནས་༤བར་བྱས་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།
བསམ་ཚུལ། (2)
སྔོན་བྱུང་ལོ་རྒྱུས་ཐོག་ནས་ཨ་མདོ་མགོ་ལོག་དབལ་ཤུལ་གསེར་རྟ་ཞེས་དང་། ཕྱི་ལོ་ ༡༩༥༩ ལོ་ནས་ད་བར་གྱི་གནས་བབས་ལ་རྒྱ་ནག་སི་ཁྲོན་ཞིང་ཆེན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ངོར་རྒྱ་གཞུང་གིས་བཅད་བགོས་བྱས་ཡོད་པའི་གསེར་རྟ་རྫོང་ཁོངས་ཀྱི་གེ་འཕེན་སྡེ་བ་ནས་ཡིན་པའི་ན་གཞོན་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་མཆོག་ཕྱི་ལོ ༢༠༡༢ ལོའི་ཟླ་ ༢ ཚེས་ ༡༥ ཉིན་གྱི་མཚན་མོའི་བོད་ནང་གི་ཆུ་ཚོད་ ༡༡ ཐོག་གསེར་རྟ་རྫོང་གི་རང་ཁྱིམ་ནས་རྒྱ་གཞུང་མི་སྣས་བཙན་ཁྲིད་བྱས་འདུག ཞེས་ བོད་གཞུང་དྲྭ་བར་འདི་འདྲ་བསྐུར་ཕོད་པ་དང་། དྲྭ་བ་དོ་དམ་པས་ཀྱང་འདི་འདྲ་བཀོད་ཕོད་པ་ཤིན་ཏུ་ཡ་མཚན་རེད། དཔའ་བོ་ཟླ་གྲགས་ཀྱི་ཞུགས་འབུལ་སྐབས་ཀྱི་འདྲ་པར་དང་། ན་ནིང་གི་ནང་བསྟན་ཚོགས་འདུ་ཡི་མིང་བྱང་སོགས་ལ་གཟིགས་དང་གསལ་གསལ་ཐིང་ཐིང་ཆགས་སོང་བ། བླ་རྒན་འདིས་ད་དུང་ཅི་ཞིག་འདོད་ཀྱི་ཡོད་རེད། ཨ་ཁ་ཁ་་་་་་་མི་གླེན་པ
མགོ་ལོག་འཇིགས་མེད་འཛིན་བཟུང་བྱས་ཡོད་པ་མ་རེད། མགོ་ལོག་འཇིགས་མེད་ནི་ཐོས་བསམ་གླིང་གི་གྲྭ་བ་རེད། འཛིན་བཟུང་བྱས་པའི་འཇིགས་མེད་མགོ་རིལ་ལགས་ནི་རྒྱུད་བསྟོད་ཀྱི་གྲྭ་བ་རེད། བླ་བྲང་ཉེས་འདབས་ཀྱི་ཕིག་སྡེ་ཡི་རེད། གསར་འགྱུར་རྣལ་མ་འགོད་རྒྱུ་མཁྱེན། སྤྱིར་ཁྱེད་ཅག་གིས་ཆ་ཁ་ཡ་སྡེབ་མང་དུ་བྱེད་ཀྱིན་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།