choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ལུའུ་ཀྲུའུ་མིང་རྔ་པ་ཁུལ་གྱི་ས་གནས་དམར་ཤོག་དྲུང་ཆེར་བསྐོས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༡༦ཉིན། གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གཞུང་གིས་ཟླ་འདིའི་ཕྱི་ཚེས་༡༡ཉིན་ལིའུ་ཀྲུའུ་མིང་ཟེར་བ་ཞིག་ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་རང་སྐྱོང་ཁུལ་གྱི་ས་གནས་དམར་ཤོག་དྲུང་ཆེར་བསྐོ་བཞག་བྱས་ཡོད་འདུག ལོ་ན་༥༧ཡིན་པའི་ལིའུ་ཀྲུའུ་མིང་ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་རང་སྐྱོང་ཁུལ་དུ་དམར་ཤོག་གི་དྲུང་ཆེར་བསྐོ་བཞག་བྱེད་དོན་ནི། འདས་པའི་ལོ་ངོ་འགའ་ཤས་ནང་རྔ་པ་ཁུལ་དུ་བོད་མི་ཚོས་རང་ལུས་མེ་སྲེག་བཏང་བ་ཚུན་པའི་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་ཡོད་སྟབས། རྔ་པ་ཁུལ་དུ་སྔར་ལས་དམ་དྲུག་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་འདུག

བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པ་ཉིན་ཚོགས་འདུ་ཞིག་གི་ཐོག གསར་དུ་བསྐོ་བཞག་བྱས་པའི་དམར་ཤོག་དྲུང་ཆེ་ལུའུ་ཀྲུའུ་མིང་གིས། ས་གནས་ཀྱི་འཕེལ་རྒྱས་དང་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་ཐད་གཅིག་སྒྲིལ་གྱི་ནུས་པ་འདོན་དགོས་པ་དང༌། ས་ཁུལ་འདིའི་ནང་གི་ལས་དོན་གྱི་ཁ་ཕྱོགས་དང་དམིགས་ཡུལ་དགོས་པ་བཅས་ནི་ཧ་ཅང་གི་གསལ་པོ་ཡིན་ཞིང༌། ལས་དོན་དེ་དག་འགྲུབ་པར་ནུས་པ་ལྡན་པའི་ཁྲིམས་བཅད་ཡོད་མིན་ལ་རག་ལུས་པ་ཞིག་ཡིན་པ་བརྗོད་ཡོད་འདུག

ཡང་ཉེ་ཆར་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཀར་མཛེས་རྫོང་དུ་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ཟེར་བ་སྤེལ་ཡོད་འདུག་པ་དང་། རྒྱ་ནག་གཞུང་གིས་༼རྒྱལ་ཁབ་ཁ་བྲལ་གཏོང་བར་ངོ་རྒོལ་གཏོང་བའི་བཅའ་ཁྲིམས་༽དང༌། ༼བདེ་འཇགས་དོ་དམ་ཐད་ཀྱི་ཉེས་ཆད་གཅོད་པའི་བཅའ་ཁྲིམས་༽ སོགས་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་མི་མང་ལ་དྲིལ་བསྒྲགས་བྱས་པ་དང༌། གློག་བརྙན་ཟེར་སྡེར་གཏོང་བ་དང་ཡིག་ཆ་གཏོང་སྤྲོད།

ཞུགས་མོལ་གྲོས་ཚོགས་འཚོགས་པ་སོགས་ཀྱི་བྱེད་ཐབས་ཐོག་ནས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་སྟབས། མང་ཚོགས་དང་གྲྭ་བཙུན་གྱིས་ཁྲིམས་ལུགས་སློབ་སྦྱོང་དང༌། བརྩི་སྲུང༌། བེད་སྤྱོད་གཏོང་བ་བཅས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ཡོད། རྫོང་དེའི་ཤང་དང་དགོན་སྡེ་རུ་བཅའ་སྡོད་བྱེད་མཁན་གྱི་ལས་སྒྲུབ་ཚོ་ཆུང་སོ་སོ་མང་ཚོགས་ཀྱི་ཁྲོད་ཏུ་ཟབ་འཇུག་བྱས་ནས་ཏང་གི་དམངས་ལ་བརྩེ་སེམས་བཅངས་བ་དང༌། དམངས་ལ་གཅེས་པ། དམངས་ལ་ཕན་བདེ་སྐྲུན་པ་བཅས་ཀྱི་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང༌། གནས་ལུགས་བཤད་པ་དང༌། ལོ་རྒྱུས་གླེང་བ། ཁ་བརྡར་ལབ་པ། འཕེལ་རྒྱས་ཀྱི་གནས་ཚུལ་བཤད་པ་སོགས་ཀྱི་ལས་ཀ་སྤེལ་ནས་མང་ཚོགས་ཀྱི་བསམ་ཤེས་དང༌། རྒྱབ་སྐྱོར། ཡིད་ཆེས་ཡོང་བར་བརྩོན་ལེན་བྱས་ཡོད་ཅེས་བརྗོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
ཀ་ལས་རྒྱབ་པའི་གཞོན་ནུ་ཚོགས་པར། ཁ་དྲོ་ལོ་བརྒྱའི་བསྟོད་པ་མེད་པ། ག་སོང་གར་བསྡོད་ངན་བྱས་ངན་སྨྲས། ང་ཚོར་བོད་མི་ཁ་ཤས་ལས་འགན། ཅ་ཅོ་སྨྲ་ནས་ལས་མེད་སྐྱོན་སྒྲུབ། ཆ་ཁ་དཔུང་གདང་མཉམ་གཤིབས་མེད་པར། ཇ་ལན་ཆུ་འཇལ་གཞོན་ནུའི་ཚོགས་པར། ཉ་གྲོ་ཏ་བཞིན་ངན་སྨྲས་ཇེ་ཆེ། ཏ་ཐའི་བསྟན་ལ་ཕན་པའི་གཞོན་ནུར། ཐ་ཤལ་ཡིན་དོན་རང་བཙན་བརྩོད་ཟེར། ད་ཁྲི་བཙན་པོས་བཞག་པའི་རང་བཙན། ན་གཞོན་བོད་པས་འཐབ་བརྩོད་ངོ་མ། པ་ཏུའི་འདབ་བཞིན་དགོས་ངེས་བོད་དོན། ཕ་རོལ་དགྲ་བོས་ཁ་བཏད་ལངས་ནས། བ་འོ་ལྟར་བུའི་ལྷག་བསམ་འཆང་མཁན། མ་རབས་ངན་དགུའི་བཀུར་འདེབས་ངོ་ཚ། ཙ་བ་རང་བཙན་ཆེད་དུ་གཙུག་པའི། ཚ་གྲང་ལ་སོགས་དཀའ་སྡུག་མྱོང་ཡང། ཛ་དྲག་ཆེ་བའི་བོད་མིའིསྐྱབས་གནས། ཝ་ཏིའི་ལྷ་དམག་ཁྱེད་མིན་གཞན་སུ། ཞ་གི་ཞི་གི་བོད་མིའི་ཁང་གཞིས། ཟ་བསྙད་བྱེད་པའི་མཐའ་མི་དམར་པོས། འ་ཆད་འུ་ཐུག་བཟོས་པའི་བོད་མིར། ཡ་བྱེད་ལ་རྒྱ་ལྡན་པའི་གཞོན་ནུ། ར་གན་གསེར་དུ་བརྫུས་པའི་རྒྱ་དཔོན། ལ་ཁའི་ཉི་མ་བཞིན་དུ་ཡོལ་རན། ཤ་ཁྲག་མཆོད་མེར་ཕུལ་བའི་སྤུན་ཟླས། ས་སྟེང་ཁ་ཆེམས་འཇོག་ས་གཞོན་ནུ། ཧ་ཀྱང་ཐལ་བའི་སྐྱོན་བརྗོད་བྱས་ཀྱང། ཨ་ཀྲད་ཕྱི་ཤ་བཞིན་དུ་འཕེན་མཛོད། ད་དུང་ཞིབ་འཇུག་ཡག་པོ་བྱས་ནས་གཞོན་ནུ་ལ་སྐྱོན་བརྗོད་བྱེད་ཞོར་ཇ་མངར་མོ་ཕོར་པ་གང་གཏུང་ནས་ད་གཟོད་ལས་མེད་དེ་ཚོ་དང་མཉམ་དུ་གཞོན་ནུས་སྐྱོན་ཚོལ་དང་སྐྱོན་ཏིག་ཙམ་ཏིག་ཙམ་བརྙེད་ངེས། གང་ཡིན་ཟེར་ན་་སྐྱོན་གྱིས་མ་གོས་སྐུ་མདོག་དཀར་བའི་མི་ཞིག་ནི་ཡོད་མི་སྲིད་པ་ཡིན་ཙམ་སྐྱོན་བརྗོད་བྱེད་ས་གཏན་གཏན་བརྙེད་སྲིད་ངེས་ལགས། སྤྱིར་གཏང་བྱས་ན་ང་ཚོ་དཔུང་གདང་སྒྲིག་ནས་རང་ནུས་གང་ལྕོག་གིས་སོར་སོའི་སྒེར་དོན་ཟེར་ན་འདྲ་བོད་པའི་སྤྱི་དོན་ཟེར་ན་འདྲ་ལས་འགུལ་འདྲ་མིན་སྤེལ་ཕྱོགས་ཐད་ལ་བསམ་འཆར་བསྡུ་ལེན་དང་མ་ཤེས་གསལ་སྟོན་བྱེད་པའི་དུས་ཡིན་པ་ལས། ཚོགས་པ་ཞིག་དང་མི་ཞིག་ཆེད་དུ་བཏད་ནས་སྐྱོན་འཚོལ་སྒྲུབ་བྱེད་པའི་དུས་ཞིག་མིན་པ་ཁྱེད་གྱིས་ཡང་མཁྱེན་ངེས་ལ་ང་ཚོས་ཡང་ཧ་གོ་གི་འདུག། དེ་བས་དཔུང་གདང་སྒྲིག་ནས་རང་དབང་རང་བཙན་གིས་ཆེད་དུ་གོམ་པ་མཉམ་སྤོ་བྱས་ན་ག་འདྲ་འདུག།
3 ༡༧༢༠༡༢༡༠༣༤
དྲ་རྒྱ་དོ་དམ་པ།
བཀུར་འོས་མིག་གསུམ་པ་ལགས་སྐུ་ཉིད་ཀྱིས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ། སྤྱིར་ང་ཚོས་དེའི་ཐད་རྒྱུན་དུ་ནས་དོ་སྣང་བྱེད་ཀྱིན་ཡོད་མོད། མ་འོངས་ད་དུང་དེ་ལས་ལྷག་པའི་དོ་སྣང་བྱ་རྒྱུ་ཡིན་པས་དེ་དོན་དགོངས་འཇགས་ཞུ།
2 ༡༧༢༠༡༢༠༠༠༥
གསར་འགོད་པ་ལགས། གསར་འགྱུར་འདི་བོད་ཀྱི་ཆ་འཕྲིན་ཐོག་སྤེལ་སྐབས་ཀྱི་བོད་ནང་གི་པར་དེའི་སྟེང་གི་མི་མང་གི་ངོ་གདོང་དེ་ཅུང་ཙམ་ནག་བསུབ་བཏང་སྟེ། ངོས་མི་ཟིན་པ་ཞིག་བྱས་ན་ལེགས་པར་འདོད། གསར་འགྱུར་ཆེན་ཡིན་མོད། བོད་ནང་བོད་མི་ཚོའི་དཀའ་སྡུག་དང་ཉེན་ཁར་ཡང་ཅུང་ཙམ་འགན་ལེན་བྱ་དགོས་པར་སེམས།
1 ༡༦༢༠༡༢༡༧༣༧
ལུའུ་ཀྲུའུ་མིང་རྔ་བའི་ཁུལ་དུ་དམར་ཤོག་གིས་དཔོན་པོ་གཏོང་འདུག་ཟེར་། ལུའུ་ཀྲུའུ་མིང་ཙམ་མ་ཚད་དཔོན་པོ་སུ་གཏོང་ན་ཡང་རྔ་བའི་ཁུལ་གྱིས་རྒྱལ་གཅེས་ཨམ་མདོའི་དཔའ་བོ་དང་དཔའ་མོ་ཚོས་ཞི་བའི་ངོ་རྒོལ་ཐ་ད་ལ་མཐུས་ཤོར་ནམ་ཡང་འགྲོ་གི་མ་རེད་། རྒྱུ་མཚན་ནི་ཤིན་་ཏུ་གཅེས་པའི་ཚེ་སྲོག་ཡང་བོད་ཀྱི་ཆེད་དུ་འཕང་མེད་དུ་འབུལ་ནུས་མཁན་གྱི་བློ་སྟོབས་དང་ལྷག་བསམ་ཡོད་མཁན་མི་གཅིག་གིས་ཀྱང་རྒྱ་ནག་སྐམ་ས་ཆེན་མོ་འགུལ་བསྐྱོད་གཏོང་ཐུབ་གི་ཡོད། ད་ཁོ་རང་ཚོས་ཞི་བའི་སྒོ་ནས་སློབ་གསོ་དང་འཇམ་པོ་བྱེད་མ་ཐུབ་ན་ཞི་བའི་ངོ་རྒོལ་དེ་ཚོ་འུ་ཐུག་ན་དྲག་པོས་ངོ་རྒོལ་དུ་འགྱུར་སྲིད། ད་རྒྱ་གཞུང་གིས་དེ་སྔོན་ག་ཚད་མནར་གཅོད་གཏོང་ཚར་རེད་། ད་དེ་ལས་ལྷག་གཅིག་ག་རེ་བྱས་ཡས་ཡོད་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།