choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱའི་བཙོན་འོག་གི་གསར་འགོད་པ་༢༧ལས་༡༠བོད་རིགས་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༡༤ཉིན། གསར་འགོད་རང་དབང་གི་ལོ་འཁོར་སྙན་ཐོ་ཞིག་གི་ནང་དུ་རྒྱ་ནག་ནང་གསར་འགོད་པ་དང་རྩོམ་པ་པོ་མི་གྲངས་༢༧བཙོག་འཇུག་བྱས་ཡོད་པའི་ནང་ནས་མི་༡༠བོད་རིགས་དང་མི་༦ཡུ་ གུར་མི་རིགས་ཡིན་པ་ཤེས་རྟོགས་བྱུང་པའི་གནས་ཚུལ་བཀོད་འདུག

དེ་ཡང་རྒྱལ་སྤྱིའི་གསར་འགོད་རང་དབང་སྲུང་སྐྱོབ་ཚོགས་པས་རྒྱ་ནག་ནང་གི་གསར་འགོད་རང་དབང་ཐད་ཞིབ་བཤེར་བྱས་པའི་སྙན་ཐོའི་ནང་དུ་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་ནག་གི་བཙོན་ཁང་དུ་གསར་འགོད་པ་དང་རྩོམ་པ་པོ། རྩོམ་སྒྲིག་པ་བཅས་ཁྱོན་མི་གྲངས་༢༧ཙམ་བཙོན་བྱས་ཡོད་པ་ཤེས་རྟོགས་བྱུང་ལ།  དེ་དག་ལས་མི་༡༠བོད་རིགས་ཡིན་པ་དང་མི་༦ཡུ་གུར་མི་རིགས་ཡིན་ལ། མང་ཆེ་བ་ཕྱི་ལོ་༢༠༠༨དང་༢༠༠༩ལོར་བོད་མིའི་ཞི་རྒོལ་ཆེན་མོ་དང་ཤར་ཊིར་ཀི་སི་ཐན་ཞི་རྒོལ་སྐབས་བཙོན་འཇུག་བྱས་འདུག་ཅེས་བརྗོད་འདུག སྙན་ཐོའི་ཞིབ་ཕྲའི་ནང་དོན་འདི་རུ་གཟིགས། http://www.cpj.org/imprisoned/2011.php#china)

ཕྱི་ལོ་༢༠༠༨ལོ་ཟླ་༣ཚེས་༢༦ཉིན། རྒྱ་གཞུང་གིས་བོད་ཀྱི་གློག་བརྙན་༼འཇིགས་བྲལ༽བཟོ་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་འཛིན་བཟུང་བྱས་ཏེ། ཕྱི་ལོ་༢༠༠༩ལོ་ཟླ་༡༢ཚེས་༢༨ཉིན་ཁོང་ལ་ལོ་༦ཁྲིམས་ཐག་བཅད་པ་དང་། དེ་བཞིན་དྲ་ཐོག་རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལགས་ཕྱི་ལོ་༢༠༠༩ཟླ་༢ཚེས་༢༦ཉིན་བཟུང་ནས་ཕྱི་ལོ་༢༠༠༩ཟླ་༡༡ནང་དུ་ཁྲིམས་ཆད་ལོ་༡༥བཏང་ཡོད། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ཆབ་སྲིད་རྩོམ་པ་པོ་ཀུན་དགའ་ཚེ་དབྱངས་ལགས་ཕྱི་ལོ་༢༠༠༩ཟླ་༣ཚེས་༡༧ཉིན་འཛིན་བཟུང་གིས་ཕྱི་ལོ་༢༠༡༠ཟླ་༡༡ནང་དུ་ལོ་༥ཁྲིམས་ཆད་བཏང་ཡོད་པ་དང་། ༼ཁྲག་ཡིག༽་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ལགས་ཕྱི་ལོ་༢༠༡༠ཟླ་༤ཚེས་༦ཉིན་འཛིན་བཟུང་བྱས་པ་དང་། ཕྱི་ལོ་༢༠༡༡ཟླ་༦ཚེས་༢ཉིན་ལོ་༤ཁྲིམས་ཐག་བཅད། ༼ཁ་བའི་ཚེ་སྲོག༽གི་རྩོམ་པ་པོ་འབྲོག་རུ་ཚུལ་ཁྲིམས་ལགས་ དེ་རྗེས་ཕྱི་ལོ་༢༠༠༩ཟླ་༤ནང་ཁོང་གིས་རྒྱ་གཞུང་ལ་ངོ་རྒོལ་དང་༧གོང་ས་མཆོག་ལ་རྒྱབ་སྐྱོར་ཡོད་པའི་རྩོམ་ཡིག་བྲིས་པར་བསྙད་དེ་འཛིན་བཟུང་བྱས་པ་དང་། ཕྱི་ལོ་༢༠༡༠ཟླ་༥ཚེས་༢༤ཉིན། སྒོ་མང་དགོན་ནས་འཛིན་བཟུང་བཙན་ཁྲིད་བྱས་པ་བཅས་ཐེངས་གཉིས་ལ་འཛིན་བཟུང་བྱས།

ཡང་༼དུས་རབས་ཀྱི་ང༽ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་རྩོམ་པ་པོ་ཇོ་ལེབ་ཟླ་བ་ལགས་ཕྱི་ལོ་༢༠༡༠ཟླ་༡༠ཚེས་༡ཉིན་འཛིན་བཟུང་བྱས་རྗེས། ཕྱི་ལོ་༢༠༡༡ཟླ་༡༠ནང་ཁྲིམས་ཆད་ལོ་༣བཅད་ཡོད། རང་དབང་རྩོམ་པ་པོ་གཅོད་པ་ཀླུ་རྒྱལ་ལམ་སྨྱུག་མིང་མེ་ལྕེ་ལགས་ཕྱི་ལོ་༢༠༡༡ཟླ་༡༠ཚེས་༡༩ཉིན་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་གང་ཡང་མེད་པ་རེད། རྩོམ་པ་པོ་དང་རྩོམ་སྒྲིག་པ་འཇང་རྩེ་དོན་ཁོ་ལགས་དང་ཁོང་གི་རྩོམ་གྲོགས་བྷིཌ་གཉིས་ཕྱི་ལོ་༢༠༡༠ཟླ་༦དང་༧ནང་དུ་འཛིན་བཟུང་བྱས་ནས་ཕྱི་ལོ་༢༠༡༠ཟླ་༡༠ནང་ཁོང་གཉིས་ལོ་༤ཁྲིམས་ཆད་བཏང་ཡོད་པ་མ་ཟད། ཁོང་གཉིས་དང་མཉམ་དུ་རྩོམ་པ་པོ་སྐལ་བཟང་སྦྱིན་པ་ལགས་འཛིན་བཟུང་གིས་ཕྱི་ལོ་༢༠༡༡ཟླ་༡ནང་ལོ་༣ཁྲིམས་ཐག་བཅད་དེ། ད་ལྟ་ཁོང་གསུམ་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཉེ་འགྲམ་མེན་ཡཱང་བཙོན་ཁང་དུ་བཅུག་ཡོད་འདུག

རྒྱ་གཞུང་གིས་བོད་སྐོར་གྱི་གནས་ཚུལ་ཁག་ལ་༼རྒྱལ་ཁབ་ཀྱི་གསང་བ་༽ཞེས་གསང་རྒྱ་ཆེན་པོ་བྱེད་ཀྱིན་ཡོད་པར་རྟེན། གོང་གི་བཙོན་འཇུག་བྱས་པའི་བསྡོམས་གྲངས་དེ་ཆ་ཚང་བ་ཞིག་གཏན་ནས་མིན་ལ། ད་དུང་ཡང་རྒྱ་གཞུང་གི་བཙོན་འོག་ཏུ་མནར་གཅོད་མྱོང་བཞིན་པའི་གསར་འགོད་པ་དང་རྩོམ་པ་པོ་སོགས་མང་པོ་ཤེས་རྟོགས་བྱུང་མེད་ངེས་ཞེས་ཁ་བརྡ་ཐེབས་རྩ་ཁང་གིས་བརྗོད་འདུག

ཡང་དབྱིན་ཇིའི་རྒྱལ་ས་ལོན་ཊོན་ཏུ་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་བུད་མེད་ཉམས་ཞིབ་པ་དང་༼རི་མཐོ་ས་གཙང༽ཞེས་པའི་དྲ་རྒྱའི་རྩོམ་སྒྲིག་པ་བདེ་ཆེན་པད་མ་ལགས་ཀྱིས་ཕྱི་ལོ་༢༠༡༢ཟླ་༢ཚེས་༡ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱུན་དུ་སྤྱི་ཚོགས་ཐོག་ཆེས་ཁྱབ་ཆེ་བའི་བོད་ཡིག་དྲ་རྒྱ་དང་ཟིན་བྲིས་མང་པོ་རྒྱ་གཞུང་གིས་སྒོ་བརྒྱབ་འདུག་པའི་གནས་ཚུལ་སྤེལ་ཡོད་ལ། ༼རང་གྲོལ་དྲ་བ་༽གནས་སྐབས་སྒོ་བརྒྱབ་སྟེ་དཔའ་བོ་དཔའ་མོ་ཚོར་མྱ་ངན་ཞུ་གྱིན་ཡོད་ལུགས་བརྗོད་འདུག་ཀྱང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཟླ་འདིའི་ཕྱི་ཚེས་༡༠༼རང་གྲོལ་དྲ་བ༽འི་སྒོ་འབྱེད་སྐབས་ཉེན་བརྡ་ཞིག་ལས་ཁ་འབྱེད་ཐུབ་མི་འདུག

ཟླ་འདིའི་ཕྱི་ཚེས་༡༠ཉིན་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་༼བོད་ཨ་མདོ༽ཞེས་པའི་ཟིན་བྲིས་ཀྱི་ཁ་འབྱེད་བའི་སྐབས་སུ་ཡང་། བོད་ཡིག་གི་ནང་ནས་ཟླ་འདིའི་ཕྱི་ཚེས་༡ནས་འདི་ལོའི་ཟླ་༣པའི་ཟླ་མཇུག་བར་དུ་དྲ་རྒྱ་ཁ་ཕྱེ་རྒྱུ་མིན་ཞེས་བྲིས་ཡོད་ཀྱང་།  དེའི་སྐོར་ལ་བདེ་ཆེན་པད་མ་ལགས་ཀྱིས་ཟིན་བྲིས་བེད་སྤྱོད་མཁན་ཚོས་ཟིན་བྲིས་ནང་གསལ་གྱི་སྒྲིག་ལམ་སྲུང་བརྩི་མ་བྱས་པར་བརྟེན། གནས་སྐབས་ཟིན་བྲིས་སྒོ་རྒྱག་དགོས་བྱུང་བས་དགོངས་འཇགས་ཡོང་བ་ཞུ་ཞེས་བརྡ་ཁྱབ་བཏང་ཡོད་ལུགས་བརྗོད་འདུག གོང་གི་དྲ་རྒྱ་དེ་ནི་བོད་ཀྱི་དྲ་རྒྱ་མང་པོ་སྒོ་བརྒྱབ་ཡོད་པའི་ནང་ནས་དཔེ་མཚོན་ཙམ་ཡིན་ལ། རྒྱ་གཞུང་གིས་བོད་ནང་བཙན་གནོན་དང་དམ་དྲག་འོག་གཞིས་ལུས་བོད་མི་ཚོས་དམྱལ་བ་མི་ཡུལ་དུ་སླེབས་པ་ལྟ་བུའི་སྡུད་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་དངོས་ཡོད་གནས་ཚུལ་དེ་རྒྱལ་ཕྱིའི་སྤྱི་ཚོགས་ལ་སྦ་གསང་བྱེད་པའི་རྒྱ་གཞུང་གི་ལྐོག་ཇུས་ཤིག་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་བོད་སྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༤༢༠༡༢༢༢༠༢
དྲ་སྒོ་རྒྱག་པ་དང་མཁས་པ་མང་པོ་བཙན་འོག་ཏུ་ལྷུངས་བའི་རྒྱུ་མཚན་གཅིག་དེ་ང་རང་ཚོའི་བོད་མི་ནང་ནས་རྒྱ་ཡི་རྐུབ་གཡོག་པ་དེ་ཚོ་ལ་ཁྱོད་ནི་གོ་ཁྲིན་ཏོང་ལ་དགའ་བའི་མི་དང་རྒྱ་ཁབ་ལ་ཞེན་པའི་མི་རེད་སོགས་ངོ་དགའ་རེ་བཤད་ཡོང་དུས་རྒྱུག་ཁྱི་རྣམས་ཀྱིས།
ངོ་དགའི་རྔ་མ་གཡུག་གཡུག་བྱེད།།
རང་ཤ་ཟ་ལ་རྔོམ་གྱུར་ནས།།
ཤ་ཁྱི་ལྕེ་ལེབ་འདམ་གང་སྟོན།།
ལ་ལུང་ཀུན་ལ་རྒྱུག་བྱས་ནས།།
སྤུན་ཟླ་ཟ་རྒྱུའི་ལས་ལ་བྲེལ།།
རང་ཤ་ཟ་རྒྱུ་རག་སོང་ན།།
པོ་བ་ཁལ་མོ་བརྡབ་བརྡབ་བྱེད།།
མགོ་བོ་སྨད་ཅིང་ཟུག་ངུ་ཡིས།།
རྒྱ་རྒན་ངོ་སོ་ཨེ་རག་ལྟ།།
ཁྱི་ཡི་སྐྱེ་བ་མ་ལེན་ན།།
རྒྱ་ཡི་བོད་ཡིག་སྦྱོང་བ་དཀའ།།



བརྗོད་གཞི་གཞན་ཁག་ལ་གཟིགས།