choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བརྟན་ལྷིང་སྲུང་སྐྱོབ་ཆེད་དཔུང་གཤིབ་དམག་འཐབ་བྱེད་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༡ཉིན། ཟླ་འདིའི་ཕྱི་ཚེས་༦ཉིན་བོད་རང་སྐྱོང་ལྗོངས་ཟེར་བས་༼ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་༽ཟེར་བ་ཞིག་ཚོགས་འདུག་པ་དང༌། སྐབས་དེར་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་ཧའོ་ཕུང་གིས་༼བོད་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་གཅིག་གྱུར་བཀོད་འདོམས་འོག་ལྗོངས་ཡོངས་ཀྱི་ས་ཁུལ་དང༌། གྲོང་ཁྱེར་ཁག སྡེ་ཚན་ཁག་གིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་གྲ་སྒྲིག་ཨང་བསར་དང་དཔུང་གཤིབ་དམག་འཐབ་བྱེད་དགོས་༽ཞེས་བཤད་འདུག

ཡང་ཁོང་གིས་རིམ་པ་ཁག་ཏང་སྲིད་ཁག་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ལས་གནས་བརྟན་སྲུང་དང་འགན་འཁྲི་གཙང་སྒྲུབ་བྱེད་པ་མ་ཟད། བློ་མཐུན་མི་ཉུང་བ་ཞིག་གིས་དུན་ཆེན་རིང་ངལ་གཙོའི་དུས་ཚོད་དོར་ནས་བརྟན་ལྷིང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

ཚན་པའི་ནང་ཁུལ་གྱི་བདེ་སྲུང་བྱེད་ཐབས་དོན་འཁྱོལ་བྱེད་པ། བརྟན་ལྷིང་དང་འབྲེལ་བ་ཡོད་པའི་བདེ་འཇགས་གྱི་མི་མངོན་པའི་རྐྱེན་ངན་གཙང་བཤེར་བྱེད་པ་སོགས་ལས་དོན་ཐད་དཀའ་སྤྱད་འབད་བརྩོན་བྱས་ཏེ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བ་དང་གནད་དོན་ཆེ་འབྲིང་ཆུང་གསུམ་མི་ཐོན་པ་བོད་ལྗོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བཤད་འདུག

ཡང་ཉེ་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་ཁྲེན་ཆོན་གོས་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཚོགས་འདུ་ཞིག་སྐོང་ཚོགས་བྱས་ཏེ་༼དགོན་སྡེའི་དོ་དམ་པ་ཤུགས་སྣོན་དང༌། གསར་འགོད་བྱེད་པའི་སྲིད་ཇུས་བྱ་ཐབས་འཐུས་ཚང་ཡོང་བ་དང་དོན་འཁྱོལ་ཡག་པོ་བྱས་ཏེ་དགོན་སྡེའི་དོ་མ་ཚད་ལྡན་ཅན་དང༌། ཚན་རིག་ཅན། རྒྱུན་ལྡན་ཅན། ཞི་མཐུན་ཅན་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་༽ཞེས་དང༌། ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པའི་དཔྱད་འདེམས་བྱེད་སྒོ་ཡག་པོ་སྤེལ་བ་དང༌། དགོན་སྡེའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་ཏན་ཏིག་ངང་འཛུགས་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆོས་ལུགས་ལས་དོན་དོ་དམ་གྱི་བྱ་ཐབས་དོན་འཁྱོལ་བྱེད་པར་རང་གི་ཆོས་ལུགས་ལས་དོན་གྱི་རྩ་བའི་བྱེད་ཕྱོགས་དང་རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་ངེས་མེད་གྲྭ་བཙུན་གཅིག་སྡུད་དང་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

ཆོས་ཕྱོགས་བྱེད་སྒོ་གཙང་བཤེར་དང་ཚད་ལྡན་ཡོང་རྒྱུར་ཤུགས་སྣོན་རྒྱག་པ། བོད་བརྒྱུད་ནང་བསྟན་སློབ་གླིངའཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྲུལ་སྐུ་ངོས་འཛིན་ལས་དོན་གྱི་དོ་དམ་པ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་རྒྱུར་ཁྲིད་སྟོན་བྱེད་དགོས།

སྲིད་ཇུས་ཀྱི་བྱ་ཐབས་དང་དམིགས་ཚད་ལས་འགན་ཁག་སྡེ་ཚན་ལ་བགོ་བ་དང༌། ས་ཁུལ་དང༌། གྲོང་ཁྱེར། རྫོང། ཤང་གྲོང་བཅས་ལ་གཤམ་སྤེལ་བྱེད་དགོས་ལ་བྱ་སྤྱོད་ཞིབ་ཕྲ་ཡོང་བ་བྱེད་དགོས་པ་དང་མི་ཐོག་ཏུ་དོན་འཁྱོལ་བྱེད་པ། མྱུར་ཚད་ཐད་ནས་མངོན་པ་བཅས་བྱས་ཏེ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱི་སྙིང་སྟོབས་དང་དངོས་ཐོག་བདེན་འཚོལ་གྱི་སྤྱོད་ཚུལ་ཐོག་ནས་ལས་དོན་རེ་རེ་བཞིན་སྐུལ་འདེས་གཏོང་དགོས་པ་དང༌། གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་དགོས་པ། བྱ་བ་རེ་རེ་བཞིན་ལེགས་པར་སྒྲུབ་པ་བཅས་བྱས་ཏེ་བྱ་ཐབས་ཁག་གང་མགྱོགས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

དུས་བབ་བཟང་པོ་སྲ་བརྟན་གཏོང་དགོས་ཤིང༌། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་བཏོན་གནང་བའི་དར་ཆ་གསལ་སྟོན་དང༌། མདུང་རྩེ་ཁ་སྤྲོད། རང་འགུལ་སྟངས་འཛིན། མི་སེམས་འགུག་པ། རྨང་གཞི་བརྟན་གཏོང་བཅས་ཀྱི་བྱེད་ཕྱོགས་ལྟར་ཕུགས་འཕེལ་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པ་དང་ཐོག་གི་བྱ་ཐབས་ལེགས་པར་སྤེལ་བ་དང་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལ་གཞིགས་ཏེ་དམ་འཛིན་སྔ་ཙམ་བྱེད་པ་དང༌། ཆུང་རྩག་ནས་དམ་འཛིན་བྱེ་དཔ། དམ་འཛིན་མྱུར་པོ་བྱེད་པ། དམ་འཛིན་ལེགས་པོ་བྱེད་པ་བཅས་རྒྱུན་འཁྱོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་བཙུགས་ཐོག་བྱ་བ་ཆེ་འབྲིང་མི་ཐོན་ལ་བྱ་བ་ཆུང་རྩག་ཀྱང་མི་ཐོན་རྒྱུའི་བརྩོན་ལེན་བྱེད་པའི་དམིགས་ཚད་ཧུར་བརྩོན་བྱེད་དགོས་ཅེས་བཤད་ཡོད།

ཡང་དམངས་སེམས་འགུག་ཐབས་སུ་ཟླ་འདིའི་ཕྱི་ཚེས་༡༠ཉིན་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་བའི་སྲིད་བློན་ཝུན་ཅཱ་པའོ་ཡིས་པེ་ཅིང་དུ་རྒྱ་ནག་གཞུང་གིས་བསྐོས་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྒྱལ་མཚན་ནོར་བུ་ལགས་དང་ཐུག་འཕྲད་དྲིལ་བསྒྲགས་བྱས་ཡོད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།