choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ཁམས་བྲག་མགོ་རུ་བོད་མི་གཉིས་དམར་གསོད་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༡༠ཉིན། ཟླ་འདིའི་ཚེས་༩ ཉིན་ཁམས་བྲག་མགོ་ནོར་པ་ནས་ཡིན་པ་གྲྭ་ཡེ་ཤེས་རིག་གསལ་དང་ཁོང་གི་ཕ་མ་གཅིག་པའི་སྤུན་ཡེ་ཤེས་བསམ་འགྲུབ་གཉིས་རྒྱ་དམག་གིས་དམར་གསོད་བཏང་ཡོད་འདུག

གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་ཕྱི་ཟླ་༡ ཚེས་༢༣ ཉིན་རྒྱ་ནག་གི་དཔྱིད་གསར་དུས་ཆེན་སྐབས་ཁམས་བྲག་མགོ་རྫོང་ནས་བོད་མི་མང་པོས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་སྐབས། ཁམས་བྲག་མགོ་རྫོང་དུ་ཕ་དགའ་རབ་ཉི་མ་དང་མ་སངས་ལྷ་གཉིས་ཀྱི་སྲས་སུ་འཁྲུངས་བའི་བུ་རང་ལོ་༤༠ ཡིན་པ་གྲྭ་ཡེ་ཤེས་རིག་གསལ་དང་།  ཁོང་གི་ཕ་མ་གཅིག་པའི་སྤུན་ཆུང་བ་རང་ལོ་༣༨ ཡིན་པ་ཡེ་ཤེས་བསམ་འགྲུབ་གཉིས་ལ་རྨས་སྐྱོན་ཕོག་ནས་རི་ལ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་ཀྱང་། རྒྱ་དམག་གིས་བརྩད་གཅོད་བྱས་ཏེ་ཟླ་འདིའི་ཚེས་༩ ཉིན་གྱི་ཞོགས་པར་ཁོང་གཉིས་དམར་གསོད་བཏང་ཡོད་པ་དང་། ད་དུང་བོད་མི་མང་པོ་ཞི་རྒོལ་བྱུང་རྗེས་རང་ཁྱིམ་དུ་སྡོད་མ་ཕོད་པར་ཕྱི་རུ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།