choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ནང་ཆེན་དུ་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༡༠ཉིན། ཕྱི་ཚེས་༨ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༤ཙམ་ལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ལབ་དགོན་པའི་དགེ་འདུན་པ་ལོ་༣༧ ཡིན་པ་བསོད་ནམས་རབ་ཡང་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་འདུག

གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཚེས་༨ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༤ཙམ་ལ།  ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་དགེ་འདུན་པ་རང་ལོ་༣༧ཡིན་པ་བསོད་ནམས་རབ་ཡང་ལགས་ཀྱིས་ཁྲོམ་གཞུང་དུ་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་གི་བཙན་གནོན་ལ་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང་། དེ་ནས་རྒྱ་ནག་ཉེན་རྟོག་པས་ཁོང་ཟི་ལིང་གྲོང་ཁྱེར་དུ་བཙན་ཁྲིད་བྱས་ཡོད་ཀྱང་། ད་ལྟའི་ཆར་ཤི་གསོན་གང་ཡིན་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མི་འདུག

དེ་བཞིན་ཉིན་དེར་འཛམ་གླིང་གི་ཡུལ་ཕྱོགས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། ཉིན་དེར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དུ་རྒྱ་གཞུང་གི་དམ་དྲག་ལ་མ་འཛེམས་པར། ནང་ཆེན་རྫོང་ལུས་རྩལ་ཐང་ཆེན་དུ་བོད་མི་སྐྱ་སེར་༥༠༠ ཡས་མས་ཤིག་གིས་བོད་ལྭ་གྱོན་པ་དང་བོད་ཟས་བཟུང་ཏེ་འདུ་འཛོམས་གནང་ཏེ། དགོང་དྲོའི་ཆུ་ཚོད་ ༧ པ་བར་རྒྱལ་བའི་གསོལ་འདེབས་དང་མ་ཎི་སོགས་སྐྱོར་འདོན་གནང་ཡོད་པ་མ་ཟད། དགོན་པ་ཁག་གི་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་མཆོད་འབུལ་དང་བསང་གསོལ་བཏང་བ་སོགས་ལྷག་དཀར་གྱི་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་འདུག

སྐབས་དེར་ཡུལ་ཤུལ་ས་གནས་སྲིད་གཞུང་གིས་བཀོད་མངགས་ལྟར། དམག་མི་སྟོང་ཕྲག་མང་པོ་རྫོང་གི་སྲང་ལམ་དང་ལུས་རྩལ་རྭ་བའི་མཐའ་བསྐོར་ཡོངས་སུ་འགྲེམས་འཇོག་ལྟ་རྟོག་བྱས་ཡོད་ཀྱང་། བོད་མི་ཚོས་ངོ་རྒོལ་སྐད་འབོད་སོགས་མ་བྱས་པར་བསང་གསོལ་དང་མཆོད་འབུལ་གནང་བར་བརྟེན་བོད་མི་འཛིན་བཟུང་དང་གཅར་རྡུང་བྱས་པའི་གནས་ཚུལ་གཞན་བྱུང་མི་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།