choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ཡང་རྔ་པ་རྫོང་ཐོག་ཏུ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༨ཉིན། བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། དེ་རིང་ཕྱི་ཟླ་༢པའི་ཚེས་༨ཉིན་གྱི་ཕྱི་དྲོར་ཨ་མདོ་རྔ་པ་རྫོང་ཐོག་ཏུ་བོད་མི་ཞིག་གིས་རང་ལུས་མེ་སྲེག་བཏང་ཡོད་པའི་གནས་ཚུལ་ཐོན་འདུག་ཀྱང་མིང་དང་ལོ་རྒྱུས་སོགས་ཤེས་རྟོགས་བྱུང་མེད་པ་རེད།

དེ་རིང་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༦།༣༠ ཙམ་ལ་ཨ་མདོ་རྔ་པ་རྫོང་མཁར་གྱི་སློབ་ཆུང་གཉིས་པ་ཡོད་སའི་གཞུང་ལམ་སྟེང་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག་ཀྱང་། གནས་ཚུལ་མཁོ་སྤྲོད་པའི་བཤད་པ་ལྟར་ན་གྲྭ་པ་ཞིག་ཡིན་ཚུལ་ཙམ་ལས་མིང་དང་ཕ་ཡུལ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་རེད།

དོན་རྐྱེན་བྱུང་མ་ཐག་རང་ལུས་མེ་སྲེག་གཏོང་མཁན་གྱི་བོད་མི་དེ་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་རྣམས་ཀྱིས་བཙན་ཁྲིད་བྱས་ཡོད་འདུག་སྟབས། ཁོང་གི་ད་ལྟའི་ཤི་གསོན་གྱི་གནས་སྟངས་ཀྱང་ཤེས་རྟོགས་ཐུབ་མི་འདུག གཞན་ངོ་རྒོལ་དེ་བྱུང་སའི་ཉེ་འགྲམ་ནས་གྲྭ་པ་གཉིས་ཀྱང་འཛིན་བཟུང་བྱས་ཡོད་ནའང་སུ་ཡིན་ཤེས་རྟོགས་ཐུབ་མི་འདུག

གནས་ཚུལ་མཁོ་སྤྲོད་གནང་མཁན་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉ་ཚེ་རིང་།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:བརྗོད་གཞི་གཞན་ཁག་ལ་གཟིགས།