choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


སྲིད་གཞུང་གི་བཀའ་རྒྱར་མ་ཉན་ན་ཁྲིམས་ཀྱི་ཉེས་ཆད་འགེལ་རྒྱུ་ཡིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༨ཉིན། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་རྒྱ་གཞུང་གིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལ་ཁ་གཡར་ནས་རྟོག་ཞིབ་དང་དམ་དྲག་སྔར་ལས་ཤུགས་ཆེན་བྱེད་དགོས་པའི་བཀའ་རྒྱ་རིམ་པར་བཏང་ཡོད་པ་མ་ཟད། རིམ་པ་ཁག་གི་འགོ་ཁྲིད་དང་ལས་བྱེད་པ་ཚོ་གུང་ཁྲན་ཏང་གི་ཁྲིམས་དང་འགལ་ཚེ་འཕྲལ་དུ་གནས་དབྱུང་གཏོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

གུང་ཁྲན་ཏང་གི་བདག་དབང་འོག་ཡོད་པའི་བོད་ནང་གི་དྲ་རྒྱ་ཁག་གི་ནང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུ་ཟེར་བའི་འགོ་ཁྲིད་ཁྲེན་ཆེན་གོ་ཡིས། གཡུལ་སའི་འདུ་ཤེས་ཆེ་རུ་བཏང་ཏེ་བོད་དང་འབྲེལ་བ་ཡོད་པའི་གླེང་ཕྱོགས་འཐབ་རྩོད་ཐད་ཀྱི་སྐད་ཆ་ཤོད་དབང་དང་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ཏེ། ལྗོངས་ཡོངས་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི་༡༢༠ཡི་རྒྱ་ཆེ་བའི་མངའ་ཁོངས་སུ་ཀྲུང་ཁྲན་ཏང་གི་གསུང་སྐད་དང་གཟུགས་བརྙན་གྱིས་ཁེངས་པར་བྱས་ནས་། ཏཱ་ལའི་རུ་ཚོགས་ཀྱི་སྐད་སྒྲ་དང་གཟུགས་བརྙན་མི་མཐོང་བར་བྱེད་དགོས་ཞེས་བཀའ་ནན་པོ་བཏང་འདུག

དེ་བཞིན་ཟླ་འདིའི་ཚེས་༦ཉིན། བོད་རང་སྐྱོང་ལྗོངས་ཟེར་བའི་འགན་འཛིན་གཞོན་པ་ཧའོ་ཕུང་གིས།  ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཚོས་དོགས་ཟོན་ཆེར་བསྐྱེད་དང་ལས་གནས་བརྟན་སྲུང། འགན་འཁྲི་དོན་འཁྱོལ་ཡོང་བར་མངོན་གསལ་དང་མངོན་གསལ་མ་ཡིན་པའི་བྱེད་ཐབས་ལ་བརྟེན་ནས་རྟོག་ཞིབ་བྱེད་དགོས་པ་དང་། ཏང་གི་ཆབ་སྲིད་སྒྲིག་ལམ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་སྒྲིག་ལམ་དང་འགལ་བའི་གནད་དོན་ཤེས་རྟོགས་བྱུང་ཚེ། རྒྱ་ཡན་དུ་གཏན་ནས་མི་གཏོང་བར་འཕྲལ་དུ་བརྡ་ཁྱབ་གཏོང་བ་དང་ཐག་གཅོད་ནན་པོ་བྱེད་དགོས་པ་དང་།   ལོ་གསར་སྐབས་ངེས་པར་དུ་ཞི་མཐུན་དང་དགའ་སྤྲོའི་དཔལ་ལ་རོལ་བའི་རྣམ་པ་སྟོན་དགོས་ཞེས་སོགས་ཀྱི་བཀའ་རྒྱ་བཏང་འདུག

གཞན་ཡང་། ཉེ་དུས་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་དང་འབྲེལ་ཡོད་ཚན་པ་ཁག་གིས་སླེབས་ལ་ཉེ་བའི་བོད་ཀྱི་ལོ་གསར་སྐབས། རིམ་པ་ཁག་གི་འགོ་ཁྲིད་དང་ལས་བྱེད་པ་རྣམས་ཀྱིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་འགན་འཁྲི་ཁུར་ལེན་དགོས་ལ། གལ་ཏེ་སྲིད་གཞུང་གི་སྒྲིག་ཁྲིམས་གཏན་འབེབས་དང་ལམ་སྟོན་ལ་འགལ་འཛོལ་བྱུང་བ་དང་། ལྷག་དོན་དུ་འགག་རྩའི་དུས་སུ་འགན་ཕར་གཡུག་ཚུར་གཡུག་གིས་རང་འགན་འཁུར་དུ་མ་བླངས་བ་དང་འཐབ་པར་འགྲོ་ཁར་ཕྱི་ནུར་རྒྱག་པ་སོགས་ཀྱི་གནད་དོན་བྱུང་བ་ཡིན་ན།  གནས་རིམ་མཐོ་དམན་གང་ཡིན་ཡང་འཕྲལ་དུ་གནས་དབྱུང་གཏོང་རྒྱུ་དང་སྒྲིག་ཁྲིམས་ཀྱི་ཉེས་ཆད་འགེལ་རྒྱུ་ཡིན་པ་མ་ཟད།  ཉེས་སྐྱོན་ཚབས་ཆེན་ཡིན་ཚེ་སྲིད་ཁྲིམས་ལས་ཁུངས་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་པ་སོགས་ཀྱི་ཛ་དྲག་ཉེན་བརྡ་བཏང་པ་སོགས། བོད་ཀྱི་ལོ་གསར་སླེབས་ལ་ཉེ་བའི་སྐབས་འདིར། རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་རུ་དམག་དཔུང་སྔར་ལས་མང་པོ་འགྲེམས་འཇོག་དང་། ལས་ཁུངས་ཁག་གི་འགོ་ཁྲིད་དང་ལས་བྱེད་པ་ཚོས་དམར་ཤོག་གཞུང་ལ་དགའ་ཞེན་དང་ཡིད་ཆེས་རྙེད་པའི་ཐོག་ནས་སྲིད་གཞུང་གི་ཆབ་སྲིད་ལམ་སྟོན་འོག་ངེས་པར་དུ་ཤར་བསྐྱོད་དགོས་པའི་བཀའ་ནན་པོ་གཏོང་བཞིན་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།