choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

ཁྲི་འདུ་རྫ་སྟོད་ཞང་ནས་བོད་མི་བཞི་འཛིན་བཟུང་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༨ཉིན། ཟླ་འདིའི་ཕྱི་ཚེས་༥ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༤ཡས་མས་སུ། རང་ལོ་༢༠ནས་༣༠བར་ཡིན་པའི་བོད་མི་བཞི་ཡིས་ཡུལ་ཤུལ་ཁྲི་འདུ་རྫ་སྟོད་ཞང་སྲིད་གཞུང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་ཉེན་རྟོག་པས་ཁོང་བཞི་འཛིན་བཟུང་བཙན་འཁྲིད་བྱས་འདུག

གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། གོང་ཚེས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤ཡས་མས་སུ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་རྫ་སྟོད་ཞང་དུ། བོད་མི་ཚེ་རིང་དབང་ལྡན་དང་ཚེ་རིང་བཟང་པོ། ཚེ་རིང་བཀྲ་ཤིས། རྡོ་རྗེ་བཅས་རང་ལོ་༢༠ནས་༣༠བར་ཡིན་པའི་བོད་མི་ ༤ ཡིས་རྫ་སྟོད་ཞང་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ། བོད་རང་བཙན་ཡིན། བོད་ལ་རང་དབང་དགོས། ༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་ཞེས་ཞི་བའི་ངོ་རྒོལ་སྐད་འབོད་བྱས་རྗེས། ཅུང་མ་འགོར་བར་ཉེན་རྟོག་པ་ཡོང་ནས་ཁོ་ཚོ་འཛིན་བཟུང་གིས་ཁྲིན་འདུ་རྫོང་དུ་བཙན་འཁྲིད་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་ཁྲིན་འདུ་རྫོང་དང་རྫ་སྟོད་ཞང་བཅས་སུ་དམག་མི་མང་པོ་འགྲེམས་འཇོག་གིས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།