དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

གསེར་རྟ་རུ་བོད་མི་གསུམ་གྱིས་རང་ལུས་མེ་སྲེག་བཏང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༤ཉིན། ཁ་སང་ཕྱི་ཚེས་ ༣ ཉིན་གསེར་རྟ་རྫོང་ཕུ་འུ་ཡུལ་ཚོ་རུ་བོད་མི་གསུམ་གྱིས་རང་ལུས་མེ་སྲེག་བཏང་ཏེ། རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག་པ་དང༌། སྐབས་དེར་བོད་མི་གཅིག་འདས་གྲོངས་སུ་ཕྱིན་ཡོད་འདུག

ཁ་སང་ཕྱི་ཚེས་༣ཉིན་རང་ལུས་མེ་སྲེག་བཏང་མཁན་གྱི་བོད་མི་གསུམ་པོ་ནི། ལོ་ན་༦༠ཙམ་གྱིན་པའི་ཕ་འུ་ཡུལ་ཚོ་ཞོ་སང་སྡེ་བའི་ཚབ་ཚའི་ཚེ་རིང་དང༌། ལོ་ན་༣༠ཙམ་ཡིན་པའི་ཕུ་འུ་ཡུལ་ཚོ་འབུམ་ཤུལ་སྡེ་བའི་སྐྱ་རིས། གཞན་འདས་གྲོངས་སུ་ཕྱིན་པའི་བོད་མི་དེའི་མིང་དང་ལོ་རྒྱུས་སོགས་གནས་ཚུལ་གསལ་པོ་ཤེས་རྟོགས་བྱུང་མེད་པ་རེད།

དེ་སང་གསེར་རྟ་དང་བྲག་མགོ་སོགས་སུ་བོད་མི་ཚོེས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་མུ་མཐུད་ནས་སྤེལ་བཞིན་པར་བརྟེན། རྒྱ་ནག་གཞུང་གིས་འགྲིམ་འགྲུལ་དམ་བསྒྲགས་ཙམ་མ་ཟད། ཁ་པར་དང་དྲ་རྒྱ་སོགས་གསར་འགྱུར་དང་གནས་ཚུལ་བརྒྱུད་ལམ་ཁག་ཚང་མ་བཀག་སྡོམ་བྱས་པར་བརྟེན། ཕན་ཚུན་འབྲེལ་བ་དང༌། གནས་ཚུལ་ཆ་ཚང་ཤེས་རྟོགས་ཐུབ་རྒྱུར་ཧ་ཅང་ཁག་པོ་ཆགས་ཡོད་པ་རེད།

ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོ་ཕྱི་ཟླ་༡ ཚེས་༡༨ ཉིན་སླར་ཡང་གསེར་རྟ་རྫོང་ཕུའུ་ཤང་དུ་ཡང་རླུང་རྟའི་རྒྱབ་ངོས་སུ་བོད་དར་དང་དེའི་མཐའ་སྐོར་དུ་༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་བརྟན་པར་ཤོག བོད་རྒྱལ་ལོ། སོགས་བྲིས་འདུག་པའི་ཡིག་ཆ་ས་གནས་གང་སར་གཏོར་འགྲེམས་བྱས་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༥༢༠༡༢༠༩༤༩
བོད་མི་ལྷག་བསམ་ཅན་རྣམས་གཅིག་རྗེས་སུ་གཅིག་སོང་ན་ཅི་འདྲའི་ཕངས་པ་ཞིག་རེད།

བརྗོད་གཞི་གཞན་ཁག་ལ་གཟིགས།