དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱ་གཞུང་གི་ཡ་ང་བའི་དྲག་གནོན་འོག་གི་གསེར་རྟ་མི་མང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༤ཉིན། ཟླ་དང་པོའི་ཚེས་༢༤ཉིན། མདོ་ཁམས་གསེར་རྟ་རྫོང་དུ་བོད་མི་བརྒྱ་ཕྲག་མང་པོས་ཞི་བའི་ངོ་རྒོལ་བྱེད་སྐབས་རྒྱ་གཞུང་གིས་ཆེད་མངགས་བྱས་པའི་དྲག་ཆས་དམག་དཔུང་གིས་བོད་མི་དམར་གསོད་དང་རྨས་སྐྱོན་ཕོག་པ་རྣམས་ལ་གདུག་རྩུབ་ཆེན་པོས་རྡུང་རྡེག་ཡ་ང་བ་བཏང་ཏེ་བཙན་འཁྲིད་བྱས་པའི་པར་འདྲ་འགའ་ཕྱི་ཕྱོགས་སུ་འབྱོར་འདུག

ཕྱི་ཟླ་ ༢ ཚེས་ ༡ ཉིན་མདོ་ཁམས་གསེར་རྟ་བླ་རུང་སྒར་གྱི་དུར་ཁྲོད་དུ་སེར་སྐྱ་མི་མང་འདུ་འཛོམས་ཀྱིས་རྒྱལ་གཅེས་དཔའ་བོ་ཟླ་བ་གྲགས་པ་ལགས་ལ་མྱ་ངན་བསྔོ་སྨོན་གནང་ཡོད་པ་དང་། སྐབས་དེར་ཁོང་གི་འདྲ་པར་ཆེན་པོ་གསུམ་གྱི་འོག་ཏུ། ཕྱི་ལོ་༢༠༡༢ལོའི་ཕྱི་ཟླ༡ཚེས་༢༤ཉིན་བོད་རང་དབང་གི་ཆེད་དུ་སྐུ་སྲོག་ཤོར་བའི་མདོ་ཁམས་གསེར་རྟའི་རྒྱལ་གཅེས་དཔའ་བོ་ཟླ་བ་གྲགས་པ་ཐུགས་རྗེས་འཛིན་པར་ཞུ་ཞེས་འཁོད་ཡོད་འདུག

ཕྱི་ཟླ་ ༡ ཚེས་ ༢༣ ཉིན་གསེར་རྟ་རྫོང་ཐོག་ཏུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན་པའི་ཡིག་ཆ་ཞིག་བཀྲམ་ཡོད་པར་བརྟེན། ཉིན་དེར་བོད་མི་མང་པོ་རྫོང་ཐོག་ཏུ་འཛོམས་ཏེ། ངོ་རྒོལ་བྱེད་མཁན་གྱི་ཕུང་པོ་རྒྱ་ནག་གཞུང་གི་ལག་ཏུ་མ་ཤོར་བ་བྱེད་དགོས་སྐོར་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་ངོས་ནས་ཀྱང་དྲག་གནོན་བྱེད་རྒྱུ་གྲ་སྒྲིག་ཆ་ཚང་བྱས་ཡོད་འདུག་ཀྱང་། ཉིན་དེར་ཛ་དྲག་གི་གནས་ཚུལ་ལྷགས་མེད་ཀྱང་། ཕྱི་ཚེས་ ༢༤ ཉིན་མི་མང་གིས་རྒྱ་གཞུང་ལ་ཞི་རྒོལ་སྐད་འབོད་བྱས་པར་བརྟེན། རྒྱ་གཞུང་གིས་ཉེན་རྟོག་པ་དང་དྲག་ཆས་སྤྲས་པའི་དམག་དཔུང་ཕན་ཆེན་གསེར་རྟ་རྫོང་དུ་ཆེད་མངགས་ཀྱིས་དྲག་གནོན་ཡ་ང་བ་བྱས་ཏེ།  བོད་མི་ཞི་རྒོལ་བ་ཟླ་བ་གྲགས་པ་དམར་གསོད་བཏང་ཡོད་པ་དང་། པོ་པོ་ལགས་ལ་རྨས་སྐྱོན་ཚབས་ཆེན་ཕོགས་ཏེ་རྒྱ་དམག་གིས་བཙན་འཁྲིད་བྱས་པ་སོགས་ད་ལྟའི་བར་ཁྱོན་བོད་མི་གསུམ་ཙམ་དམར་གསོད་བཏང་ཡོད་པ་དང་། ཞི་རྒོལ་བ་༣༠ལྷག་འཛིན་བཟུང་དང་མི་མང་པོར་རྨས་སྐྱོན་ཕོག་ཡོད་འདུག

ཉེན་དེར་གསེར་རྟ་རྫོང་ཐོག་ཏུ་རྒྱ་གཞུང་གི་དྲག་ཆས་དམག་མི་ཕོན་ཆེན་འབྱོར་ཏེ། ཞི་བའི་ངོ་རྒོལ་བྱེད་མཁན་གྱི་བོད་མིར་མེ་མདས་བརྒྱབ་པ་དང་རྡུང་རྡེག་ཚད་མེད་བཏང་ནས་ས་ལ་འདྲུད་ནས་བཙན་འཁྲིད་བྱེད་བཞིན་ཡོད་པ་སོགས་ཡུལ་དངོས་ཀྱི་འདྲ་པར་འགའ་ཕྱི་ཕྱོགས་སུ་འབྱོར་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།