choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


རྒྱ་གཞུང་གིས་ཁྲན་ཏུའུ་རུ་བོད་ཁྲོམ་ལ་དམ་དྲག་བྱེད་བཞིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༤ཉིན། ཉེ་སྔོན་རྒྱ་མིའི་ལོ་གསར་གནམ་གང་དགོང་མོ་ནས་རྒྱ་ནག་ཁྲན་ཏུའུ་གྲོང་ཁྱེར་གྱི“武侯伺”ཞེས་འབོད་པའི་བོད་མི་ཁྲི་འགའ་ཞིག་འདུས་སྡོད་བྱེད་པའི་ཁྲོམ་ནང་དུ། ཉེན་རྟོག་པ་དང་དམག་མི་འབོར་ཆེན་གསར་འབྱོར་བྱས་ཏེ། བོད་མི་རྣམས་ཀྱི་མིག་ལམ་དུ་དམག་རྩལ་དང་དམག་རྫིག་བྱེད་ཀྱི་ཡོད་ཅིང༌། ལྷག་ཏུ་ཚེས་གཉིས་ནས་བཟུང་སྟེ། དྲག་ཆས་དམག་མི་ཁྲི་ལྷག་གིས་མེ་མདའ་དང་གློག་དབྱིག་དྲག་ཕུབ་རྣམས་ཐོགས་ཏེ། ཉིན་མཚན་ཀུན་ལ་མངོན་སུམ་འཛེམ་མེད་ཀྱིས་བྱ་ར་དང་སློག་བཤེར་བཟོ་བཞིན་ཡོད།

 

དེ་བཞིན་སྲང་ལམ་སོ་སོ་དང་གཞིས་ཁུལ་དག་གི་གཡས་གཡོན། དེ་མིན་ཟླ་གཉིས་ཙམ་གྱི་ཡར་སྔོན་དུ་བོད་ཡིག་གི་སྒོ་བྱང་མཛེས་པོ་དག་རྩད་ནས་བཅད་དེ། རྒྱ་ཡིག་དཀར་པོས་སྒོ་བྱང་བཟོས་ཡོད་པའི་བོད་མིའི་ཟ་ཁང་དང་ཚོང་ཁང༌། མགྲོན་ཁང་དག་གི་སྒོ་འགྲམ་ཀུན་ཏུ། དྲག་ཆས་དམག་མི་བཅོ་ལྔ་ཅན་དང་ཉི་ཤུ་ཅན་དག་ཕྲེང་ལ་སྒྲིག་ནས་ཡར་འགྲོ་མར་འོང་བྱེད་པ་དང༌། དེ་ཀའི་མགྲོན་པོ་དག་ལ་བསློག་བཤེར་བྱེད་ཀྱིན་འདུག་སྟེ། ཁ་སང་ཉིན་གུང་བོད་ཀྱི་མགྲོན་ཁང་ཞིག་ཏུ་གནས་འདིར་རྒྱ་ཡིག་སློབ་གཉེར་ལ་བརྩོན་པའི་སློབ་མ་ཞིག་དང་གྲྭ་བ་ཞིག་ལ་ཐོབ་དཔང་མེད་རྐྱེན། དམག་མི་འགའ་ཞིག་གིས་རྡོག་མགོས་ཀྱང་གཞུས་ཡོད་པས་མཚོན། སྔར་དང་མི་འདྲ་བས་འཇིགས་སྐུལ་སྣ་ཚོགས་བྱེད་ཀྱིན་ཡོད་པ་རེད།

སྤྱིར་བཏང་སུམ་ཅུའི་དུས་དྲན་གཙོས་པའི་བོད་ཀྱི་དུས་ཆེན་ཁག་དང་མི་རིགས་ཀྱི་ལས་འགུལ་ཁག་བོད་ཡུལ་དུ་འོང་བའི་སྐབས་སུ། བོད་ཁྲོམ་འདིར་དུས་ལྟར་ཉེན་རྟོག་པས་བཀག་སྡོམ་ནན་མོ་བྱེད་ཀྱིན་ཡོད་ཀྱང༌། དྲག་ཆས་ཉེན་རྟོག་པ་འདི་འདྲའི་མང་བོ་འབྱོར་ནས་འཇིགས་སྐུལ་བཟོ་བ་དང་བཀག་འགོག་བཟོ་བ་ནི་ལོ་འགར་འོང་མ་མྱོང་བའི་དོན་ཞིག་རེད་ལ། གྲོང་ཁྱེར་འདིའི་གཞིས་ཁུལ་གཞན་པར་ནི་འདི་འདྲའི་མིང་ཙམ་ཡང་ཡོད་པ་མིན་པས། འཇིགས་སྐུལ་བཟོ་ལུགས་འདི་འདྲས་གནས་འདིར་འགྲོ་སྡོད་བྱེད་པའི་བོད་མི་མང་པོའི་མིག་ལམ་དུ་འཁོན་སེམས་ཀྱི་ཚེར་མ་གསར་བ་ཞིག་འཛུགས་ཀྱིན་ཡོད་པ་རེད།

གནས་ཚུལ་འདི་བསྐུར་གྲབས་བྱས་ནས་ཉིན་གསུམ་འགོར་སོང་མོད། དེ་རིང་བར་སྟབས་བདེ་མ་བྱུང་བ་རེད། ལགས་ཀྱིས། གནས་ཚུལ་འདི་གཉིས་དུས་ཐུང་ངང་གསར་འགྱུར་གཉིས་ཀྱི་ཚུལ་དུ་སོ་སོར་བཀོད་རྒྱུ་དང༌། ཕྱི་བཞུགས་ཀྱི་གཞུང་སྒེར་གྱི་དྲ་བ་གཞན་མང་བོར་མཁོ་སྤྲོད་དང་བརྒྱུད་འགོད་བྱེད་པའི་རེ་བ་ཤིན་ཏུ་ཆེའོ། (2012 01 31) ལ་བྲིས་འདུག

བོད་ནས་གནས་ཚུལ་འདོན་སྤྲོད་པ། ཁམས་ཕྲུག ཕྱི་ལོགས་སུ་༢༠༡༠་༠༢་༠༣ ཉིན་གུང་འབྱོར། རྫ་ཚེ་རིང་བཀྲིས་ཀྱིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།