དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


ད་དུང་འཛིན་བཟུང་དགོས་པའི་མི་བཞི་བརྒྱ་ཡོད་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༤ཉིན། ཕྱི་ལོ་༢༠༡༢ཟླ་༡ཚེས་༢༩ཉིན་གྱི་ཞོགས་པར་ཁམས་བྲག་འགོ་ནས་འོང་བའི་རླངས་འཁོར་ཁ་ལོ་བ་འགའ་ཞིག་ལས་ཤེས་གསལ་ལྟར་ན། ད་ཆ་བྲག་འགོ་རྫོང་དུ་དྲག་ཆས་དམག་མི་ཤིན་ཏུ་མང་བོ་འབྱོར་ཏེ། ཉེ་སྔོན་འོས་ལངས་བྱས་པའི་བོད་མི་རྒན་དར་གཞོན་གསུམ་ལྔ་བཅུ་ལྔ་བརྒྱད་ཡོད་པ་དག་ལས་མང་ཤོས་ཤིག་ཁྲིམས་ཁང་དུ་བཙན་བཟུང་བྱས་ཚར་བ་དང༌། འོས་ལངས་ཁྲོད་འཛུལ་ཞུགས་བྱས་ཤིང་རྨས་སྐྱོན་མ་ཐེབས་པའི་སྐྱ་སེར་དང༌། དེ་བས་ཀྱང་རྫོང་མཁར་དུ་འཚོ་བ་རོལ་བཞིན་པའི་ཕོ་མོ་དག་བཙོན་འཇུག་བྱས་དང་བྱེད་ཀྱིན་འདུག

དེ་ཡང་རྒྱའི་ལོ་གསར་གནམ་གང་དང་ཚེས་གཅིག་པའི་སྐབས་དག་ལ་རྔམ་སྟོན་ཁྲོམ་སྐོར་དང་འོས་ལངས་སྐད་འབོད་བཏང་བའི་མི་དམངས་རྣམས། མིག་ཟུང་ཁོ་ནས་ལས་གང་ཡང་མི་མཐོང་བའི་དྲག་ཆས་ཉེན་རྟོག་པ་དང་དམག་མི་མང་བོས་ཚོད་ཚོད་དུ་བཙན་ཁྱེར་དང་རྗེས་འདེད་བྱེད་ཀྱིན་ཡོད་ཅིང༌། དེ་རིང་ཕྱི་དྲོར་གསེར་བའི་ཚོང་བ་ཞིག་ལས་ཤེས་པ་ལྟར་ན། གསེར་རྟ་རྫོང་མཁར་དུ་ཡང་གོང་བཞིན་མི་སེར་དང་གྲྭ་བ་གང་མང་འཛིན་བཟུང་དང་བཀག་གཉེར་བྱེད་ཀྱིན་ཡོད་པ་དང༌། གསེར་བའི་གྲྭ་བ་འགའ་ཞིག་ཀྱང་དེ་རིང་གསར་དུ་བཟུང་ཟིན་པའི་ཚུལ་འདུག་ཀྱང༌། མིང་སོགས་ཀྱི་གནས་ཚུལ་གསལ་བོ་ཤེས་རྟོགས་བྱུང་མ་སོང༌།

གཞན་བྲག་འགོའི་དགོན་ཆེན་དང་འཇང་སྒང་དགོན་པ་ཁག་ཏུ་ཉེ་སྔོན་རིགས་ཀྱི་ཆེད་དུ་འདས་གྲོངས་ཕྱིན་པའི་དཔའ་བོ་རྣམས་ལ་བསྔོ་སྨོན་དང་དགོངས་རྫོགས་བྱེད་པ་དང༌། དེར་ཁམས་ཀྱི་ལ་ལུང་དུ་ཡོད་པའི་ཕྱོགས་ཀྱི་མི་དམངས་རྣམས་གདུང་སྐྱེད་ཞུ་བ་དང༌།  གདུང་མཇལ་བྱེད་དུ་འོང་བ་བཅས་ལ་བཀག་སྐྱེལ་དང་དམ་དྲག་བསམ་ཡུལ་ལས་འདས་པ་བཟོ་བཞིན་ཡོད་རེད།

(ཡང་/༢༠༡༢ /༢/ ༣)/ དེ་རིང་གསར་དུ་བྲག་འགོའི་ཡུལ་མི་འགའ་ལས་ཤེས་གསལ་ལྟར་ན།  རྨས་སྐྱོན་ཚབས་ཆེན་ཐེབས་པའི་རྨས་པ་དག་ལས་ཕྱེད་ཀ་བཙོན་འཇུག་བྱས་ཟིན་པ་དང༌། ལ་ཤས་ཀྱིས་བཙོན་ཁང་དུ་འགྲོ་བར་མ་བཟོད་ནས་རི་འགོར་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཞིང༌།  དེའང་རྨས་ཐེབས་པའི་མི་ཁྱོན་སྡོམ་དྲུག་ཅུར་ཉེ་བར་ཟིན་ཡོད་པ་མ་ཟད། ཁ་སང་དེ་རིང་གསར་དུ་བཟུང་བའི་བོད་མི་དག་རྫོང་ཁྲིམས་ཁང་གི་ར་སྐོར་ནང་དུ་གཅེར་བུར་ཕུད་དེ་གཅར་རྡུང་བྱས་འདུག་པ་ཡུལ་མི་མང་མང་གི་ཁ་ལ་ཡོད་ཁར། ད་ལྟ་རྫོང་མཁར་གྱི་དཀྱིལ་དུ་བོད་མི་བཅུ་ཙམ་རེ་མ་གཏོགས། མང་ཤོས་ཀྱི་འགྲོ་འདུག་མཚམས་ཆད་ཟིན་ཞིང༌། རྫོང་བར་གྱི་ལམ་འགྲམ་དང་གཡས་གཡོན་དུ་ཡོད་པ་མང་བོ་རྒྱ་མི་དག་ལས་ཡོད་མི་འདུག   ཁ་སང་བྲག་འགོའི་རྫོང་མཁར་ལས་འོང་བ་ཞིག་གིས་བཤད་པ་ལྟར་ན།  རེབ་འདིར་སྲིད་གཞུང་གི་གསང་བའི་དྲིལ་སྒྲོག་ལྟར་ན། ཉེ་སྔོན་འོས་ལངས་པའི་བྱས་པའི་མི་དག་ལས། ད་དུང་འཛིན་བཟུང་དགོས་པའི་མི་བཞི་བརྒྱ་ཡོད་རེད་ཅེས་ཡུལ་དེའི་སྲིད་གཞུང་ཁྲོད་ལས་ཀ་བྱེད་མཁན་འགའ་ཞིག་ལས་ཤེས་འདུག)

དེ་བཞིན་བྲག་འགོ་དང་གསེར་རྟ། རྟའུ་དང་འཛམ་ཐང་གཙོས་པའི་ཡུལ་གྲུ་སོགས་ལ་དྲྭ་ལམ་དང་ཁ་པར་གྱི་འབྲེལ་བ་ད་དུང་ཡང་གཏན་བཅད་བྱས་ཡོད་ཅིང༌། རླངས་འཁོར་གྱི་འགྲོ་འོང་དང་མགྲོན་པོའི་འགྲུལ་སྐྱོད་ཁག་ལ་ཞིབ་བཤེར་དང་བཀག་སྐྱེལ། དངོས་རྫས་སློག་བཤེར་དང་ནང་སློག་བར་མེད་བྱེད་པ་མ་ཟད། མཐའ་ན་སྤྱི་ལེ་བཅོ་ལྔ་ཙམ་ལས་མེད་པའི་བླ་རུང་ལྔ་རིག་ནང་བསྟན་སློབ་གྲྭ་ནས་གསེར་རྟ་རྫོང་མཁར་དུ་འགྲོ་དགོས་ཀྱང༌། ཐོབ་ཐང་དཔང་ཡིག་ཞིབ་ལྟ་དང་འཁུར་ཁུག་སློག་བཤེར་ནན་མོ་བྱེད་དགོས་ཀྱི་ཡོད་ན། རྫོང་མཁར་རང་རང་ལས་གཞན་དུ་འགྲོ་དགོས་ན་དཀའ་ལས་ག་ཙམ་གཏོད་ཀྱིན་ཡོད་པ་ནི་སྨྲ་མི་དགོས་པས། ཁ་པར་དང་དྲྭ་ལམ། འགྲུལ་སྐྱོད་བཅས་ཀྱི་བཀག་སྡོམ་གྱིས། མི་དམངས་མང་ཚོགས་ཀྱི་དཔལ་འབྱོར་གསོག་སྤེལ་དང་འཚོ་བ་མཐོར་འདེགས་སོགས་ལ་རྡུང་རྡེག་ཚབས་ཆེན་བྱས་ཡོད་པའི་ཁར། ཉིན་རེ་བཞིན་བོད་ཁོག་ཏུ་རྒྱ་དམག་གི་གྲངས་ཀ་ཤིན་ཏུ་མང་བོ་འབྱོར་གྱིན་ཡོད་པའི་སྟབས་ཀྱིས། མུ་ནས་མུ་རུ་འདི་ལྟར་བཀག་སྡོམ་དང་ཚ་གནོན། འཇིགས་སྐུལ་བྱེད་པ་ཡིན་ན། མཐར་བོད་མི་ཡོངས་ཀྱི་སེམས་ནང་དུ་སྔར་བས་ཀྱང་འཁོན་ནད་ལྕི་མོ་འཛིན་རྒྱུ་ཡིན་པ་ནི་བོད་ནང་གི་མི་མང་བོས་ཚོད་དཔག་དང་བསམ་འདུན་བྱེད་ཀྱི་ཡོད་པ་ཞིག་གོ

འདི་ཡང་སྤྱི་ཟླ་གཉིས་པའི་ཚེས་སུམ་ཅུ་སོ་གཅིག་ལ་བྲིས་འདུག་ཅིང༌། མཆན་རྟགས་ནང་གི་ཡི་གེ་འདི་ཟླ་གཉིས་པའི་ཚེས་གཉིས་ལ་བསྣན་པ་རེད་འདུག བོད་ཕྱི་ལོགས་སུ་༢༠༡༠་༠༢་༠༣ཉིན་གུང་འབྱོར། འདི་བཙན་བྱོལ་སྤྱི་ཚོགས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་དུས་གཅིག་ཏུ་བཏང་བ་ཡིན་པས་ཚང་མས་ཉེན་ཁར་མ་འཛེམས་པར་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་རྣམས་ཀྱི་ཐུགས་རེ་ལྟར་བརྒྱུད་བསྒྲགས་ངེས་གནང་ཡོང་བ་མཁྱེན།

འདི་བོད་ནས་ཁམས་ཕྲུག་ཞུ་བ་ཞིག་ནས་ཐའེ་ཝན་དུ་ཡོད་པའི་ཕྲན་རྫ་ཚེ་རིང་བཀྲ་ཤིས་ལ་སྤྲད་པ་བཞིན་གནས་འཕྲིན་ཁག་ལ་འཕྲལ་ཕུལ་བ་ཡིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།