དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

མདོ་སྟོད་ཁུལ་གྱི་རྩོམ་པ་པོ་ཁག་ཅིག་གི་འབོད་སྐུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༢ཚེས་༡ཉིན། རྒྱ་ནག་ཁྲིན་ཏུའུ་རུ་མདོ་སྟོད་ཁུལ་གྱི་རྩོམ་པ་པོ་ཁག་ཅིག་འདུ་འཛོམས་ཀྱིས་བོད་ནང་མེར་བསྲེགས་བཏང་པའི་བོད་མི་རྣམས་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱལ་སྤྱིའི་ཐོག་ཐུགས་སྣང་དགོས་པའི་འབོད་སྐུལ་གནང་འདུག

བོད་ནས་ཁུངས་ལྡན་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ནས་ཁམས་ཕྱོགས་ཀྱི་རྩོམ་པ་པོ་ཁག་ཅིག་འདུ་འཛོམས་ཀྱིས་བྲག་མགོ་རྫོང་དང་གསེར་རྟ་རྫོང་། རྔ་བ་རྫོང་སོགས་ཀྱིས་གཙོ་བྱས་པའི་སྔ་ཕྱིར་རང་ལུས་མེར་བསྲེགས་བཏང་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་ལ་གུས་བརྩི་དང་ཆེ་བསྟོད་ཞུས་ཡོད་པ་མ་ཟད།  རྒྱལ་སྤྱིའི་ཐོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་དོ་སྣང་ཡོང་སླད་མིང་རྟགས་བསྡུ་རུབ་ཀྱིས་རིན་ཐང་ལྡན་པའི་ཚེ་སྲོག་འདྲ་མཉམ་ཡིན་པས་དེ་ལ་གང་བྱུང་མེ་མདའ་བརྒྱབ་ཏེ་དམར་གསོད་དང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་མི་རུང་བའི་འབོད་ཚིག་བསྒྲགས་ཡོད་འདུག

ཡིན་ནའང་། བོད་ནང་གི་རྩོམ་པ་པོ་དང་སྤྱི་ཚོགས་ལས་འགུལ་བ་མང་པོ་རྒྱ་གཞུང་གིས་དམར་གསོད་དང་འཛིན་བཟུང་བཀག་ཉར་བྱས་དང་བྱེད་བཞིན་པར་བརྟེན། ད་ཐེངས་འདུ་འཛོམས་གནང་བའི་རྩོམ་པ་པོ་རྣམས་ཀྱི་མཚན་དང་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་མི་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:

བརྗོད་གཞི་གཞན་ཁག་ལ་གཟིགས།