དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་ཁམས་སོག་རྫོང་དུ་བོད་མི་གཉིས་འཛིན་བཟུང༌བྱས་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ༢༠༡༢ལོའི་ཟླ་༠༡ཚེས་༢༦ཉིན། བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་༡ ཚེས་༡༥ ཉིན་བོད་ཁམས་སོག་རྫོང་ཙན་དན་དགོན་པའི་གྲྭ་ཆོས་དབྱིངས་བློ་རྒྱལ་དང་ཆོས་དཔལ་ཟླ་བ་ཟེར་བ་གཉིས་སོག་རྫོང་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་འདུག

ཆོས་དབྱིངས་བློ་རྒྱལ་རང་ལོ་༣༡ སོག་རོང་སྨད་བསོད་སྟོབས་ལགས་ཀྱི་བུ་ཡིན་པ་དང༌། ཆོས་དཔལ་ཟླ་བ་རང་ལོ་༢༡ གཡག་ལ་ཤང་གྲོང་ཚོ་གཉིས་པའི་སྒོ་པེ་རང་གྲོལ་གྱི་བུ་ཡིན་འདུག  ཁོང་གཉིས་གོང་ཚེས་ཉིན་གྲྭ་མང་རྣམས་འཁོར་ཞག་གི་དུས་ཚོད་དང་བསྟུན་ནས་སོག་ རྫོང་སྤྱི་བདེ་ལས་ཁུངས་སུ་ཤོག་ལབ་ནས་འཛིན་བཟུང་བྱས་ཡོད་པ་དང༌། ཁོང་གཉིས་འཛིན་བཟུང་བྱེད་དགོས་དོན་དང་གང་དུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོག་ གང་ཡང་བྱུང་མི་འདུག ནང་མི་རྣམས་ཀྱི་ཁོང་གཉིས་གང་དུ་ཡོད་པ་ཤེས་རྟོག་བྱུང་མེད་པ་མ་ཟད་ཐུག་འཕྲད་ བྱེད་བཅུག་མེད་པ་དང། ཆོས་དཔལ་ཟླ་བ་ལགས་ཀྱི་ཤག་ནས་རྔ་པ་ཀིརྟི་དགོན་པའི་གྲྭ་པ་མེར་སྲེག་གཏོང་བའི་ པར་རིས་མང་པོ་ཡོད་པར་བསྙད་ནས་འཇུ་བཟུང་བྱས་འདུག

ཁག་གཅིག་གི་༢༠༡༡ ཟླ་༡༢ ཚེས་༡༦ ཉིན་ཐོན་པའི་སྦྱར་ཡིག་དང་འབྲེལ་བ་ཡོད་པར་བསྙད་ནས་འཛིན་བཟུང་བྱས་པར་ཚོད་དཔག་ བྱེད་ཀྱི་ཡོད་འདུག དེ་བཞིན་ཙན་དན་དགོན་གྱི་གྲྭ་རྣམ་རྒྱལ་ཚུལ་ཁྲིམས་ཟེར་བ་ཞིག་ཀྱང་ཕྱི་ཕྱོགས་ལ་ འབྲེལ་བ་ཡོད་པར་བསྙད་ནས་ཉིན་༧ ཙམ་རིང་འདྲི་བརྩད་བཀག་ཉར་བྱས་ནས་གློད་ཡོད་འདུག

ལས་བྱེད་མི་སྣ་བོད་མི་བློ་བཟང་ཟེར་བ་ཞིག་སོག་རྫོང་ཙན་དན་དགོན་པའི་དོ་དམ་ པར་བསྐོ་བཞག་བྱས་རྐྱེན་དགོན་ནང་གི་གྲྭ་མང་རྣམ་འཁོར་ཞག་ལ་ཕྱིན་ཡོད་འདུག དེང་སྐབས་ཙན་དན་དགོན་པ་དང་སོག་རྫོང་གི་ཁྲོམ་ལམ་དུ་སྒྲིག་ཆས་མ་གྱོན་པའི་ཉེན་ རྟོག་མི་སྣ་མང་པོ་འགྲེམས་འཇོག་བྱས་ནས་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག་ཅེས་འགྲེལ་བརྗོད་གནང་སོང༌།། གནས་ཚུལ་མཁོ་སྤྲོད་གནང་མཁན་སོག་ངག་དབང་ཐར་པ་ལགས། ཞིབ་ཕྲའི་སྐོར་ལག་ཐོགས་ཁ་པར་980590143ལ་འབྲེལ་བ་གནང་རོགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།