དགོངས་ཚུལ།

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཞི་ངོ་རྒོལ་བ་འཛིན་བཟུང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༢ཟླ་༡༢ཚེས་༢༦ཉིན། ཁ་སང་རེས་གཟའ་ལྷག་པའི་ཉིན་ཏེ་ལྷག་དཀར་གྱི་ལས་འགུལ་ཉིན་བོད་ཀྱི་རྒྱལ་ས་ལྷ་ས་རུ་ཕ་ཡུལ་ཨ་མདོ་མགོ་ལོག་ནས་ཡིན་པའི་ནམ་མཁའ་རྒྱལ་མཚན་གྱིས་བོད་དོན་ཡིག་ཆ་འགྲེམས་སྤེལ་བྱས་རྐྱེན་རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱས་པ་དང་དབུས་ཁུལ་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག

དེ་ཡང་འདི་ག་ཤམ་བྷ་ལའི་ཕོ་ཉ་གསར་ཁང་དུ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན། ཕྱི་ལོ་༢༠༡༢ལོའི་ཕྱི་ཟླ་༡ཚེས་༢༥ཉིན་གྱི་ཕྱི་དྲོ་ཆུ་ཚོད་༥ཙམ་ལ་ཕ་ཡུལ་ཨ་མདོ་མགོ་ལོག་ནས་ཡིན་པའི་ལོ་ན་༢༥ཙམ་ལ་སོན་པ་ནམ་མཁའ་རྒྱལ་མཚན་ལགས་ནས་ལྷ་ལྡན་གཙུག་ལག་ཁང་གི་མདུན་ངོས་ནས་བར་སྐོར་བྱང་ཆུབ་བྱོན་ལམ་དུ་བོད་ལ་རང་དབང་དགོས་པ་དང་། འགྲོ་བ་མིའི་ཐོབ་ཐང་དགོས་པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་དགོས་པ་སོགས་ཀྱི་དགོས་འདུན་འཁོད་པའི་ཡིག་ཆ་འགྲེམ་སྤེལ་བྱེད་བཞིན་པའི་སྐབས་སྣང་རྩེ་ཤག་གི་མདུན་ནས་རྒྱའི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་ལ། ད་ཆ་ནམ་མཁའ་རྒྱལ་མཚན་ལགས་གང་དུ་ཡོད་པ་དང་། གནས་སྟངས་ཇི་བཞིན་ཤེས་རྟོགས་མེད་པར་གར་སོང་ཆ་མེད་དུ་གྱུར་པའི་ཁུངས་བཙན་གྱི་གནས་ཚུལ་ཐོན་འདུག

དེ་བཞིན་ཉེ་ལམ་མདོ་སྟོད་སྨད་དུ་བོད་མིས་གཅིག་མཇུག་གཉིས་མཐུད་དུ་རང་ལུས་མེར་བསྲེགས་ཀྱིས་ཞི་བའི་ངོ་རྒོལ་རིམ་པར་བྱས་སྟབས། ལས་འགུལ་དེ་ཉིད་དབུས་གཙང་དུ་བྱུང་དོགས་ཀྱིས་རྒྱ་གཞུང་གིས་མདོ་སྟོད་སྨད་ཀྱི་མི་སྣ་དབུས་གཙང་དུ་ཡོང་མཁན་གྱི་རིགས་ལ་དམ་བསྒྲགས་བཀག་འགོག་དང་། དབུས་གཙང་ཁུལ་དུ་རླངས་འཁོར་སྣུམ་བླུགས་སའི་ས་ཚིགས་ཁག་ཏུ་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་བྱས་པ་དང་། རླངས་འཁོར་ལ་སྣུམ་བླུག་པར་ངོ་སྤྲོད་དཔང་ཡིག་དགོས་པ་དང་། ལྷག་པར་འགྱིག་དམ་ནང་ས་སྣུམ་ཚོང་བ་དང་། འཁྱེར་མི་ཆོག་པ་སོགས་ཀྱི་སྒྲིག་ཁྲིམས་གསར་བཟོ་དང་། བཀའ་འགོག་ཤུགས་ཆེ་བྱེད་བཞིན་པ་མ་ཟད། དབུས་ཁུལ་དུ་གློ་བུར་གྱི་གནས་ཚུལ་ཏེ་ཞི་རྒོལ་བྱུང་དོགས་ཀྱིས་དམག་མི་དང་། དྲག་ཆས་ཉེན་རྟོག་པ། ཉེན་རྟོག་པ་སོགས་ཤུགས་ཆེ་འགྲེམས་འཇོག་བྱས་ཏེ་བོད་ས་ཁྱོན་ཡོངས་བཙོན་ཁང་དང་། བོད་མི་ཡོངས་རྫོགས་བཙོན་པ་ལྟ་བུའི་གནས་སུ་གྱུར་ཡོད་འདུག་ལུགས་བཅས་འདི་གར་འབྱོར་བའི་གནས་ཚུལ་དུ་གསལ་འདུག། །།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།